e-texts navigator
Collection
Volume
Page
Wylie

122b1 མདུ་གནས་ཀུན་གསད་པས་འདུལ།། ལས་ཚོགས་ཕྲིན་ལས་མཐའ་ཡས་པ།། སྐད་ཅིག་ཡུད་ལ་གྲུབ་པར་མཛད།། བྱ་བ་རྫོགས་པའི་མཛད་པ་ཡིས།། ཡུལ་ལས་གྲོལ་བའི་ཕྲིན་སྲས་བདག།། སངས་སྲས་ཀུན་འདུས་སྟོན་པ་གཿ།། རྔུབ
122b2 མངའ་བརྙེས་ཚུལ་གྱིས་བརྒྱན།། ཀུན་ཏུ་ཆོས་སྐུ་འདུ་འབྲལ་མེད།། ཀུན་ཏུ་ལོངས་སྤྱོད་གནས་སུ་རྟགས།། ཀུན་ཏུ་སྤྲུལ་སྤུའི་རྒྱུན་ལྡན་པ།། ཀུན་ཏུ་འཁོར་བ་མྱ་ངན་འདས།། ཆོས་དབྱིངས་གྲོང་ཁྱེར་ཉམས་དགའ་བ།། འོག་མིནན་འདོན་པར་མཐོ་བའི
122b3 ཞིང་།། གནས་མཆོག་སྟུག་པོ་བཀོད་པའི་ཁམས།། གནས་ཀུན་ཟིལ་གྱིས་གནོན་གྱིད་པའི།། རྣམ་པར་འཕགས་པའི་ཟག་པས་བསྟོད།། ཡོན་ཏན་མ་འགགས་པ་ཡེ་བརྒྱན།། དུས་གསུམ་སངས་རྒྱས་བཞུགས་པ་ཡི།། གནས་མང་འདུས་པའི
122b4 མཆོག་ཀླན་ཅན།། དམ་པ་རིན་ཆེན་ཚོགས་ཀྱིས་སྦས།། འདོད་ལོངས་བསམ་པས་འགྲུབ་པ་དང་།། དཀྱིལ་འཁོར་ལྷ་མོའི་རྒྱན་བཅས་པའི།། ཁང་པ་གྲུ་བཞི་སྒོ་ཁྱུད་ཅན།། སྒོ་ཁང་རྟབབས་རྒྱན་གྱིས་མཛེས།། ཏཱ་ར་ཎ་བཞིའི་ཚོགས་བཀོད་པ།
122b5 རྗེ་འཁོར་ལོ་རིན་ཆེན་གཟུགས།། པདྨ་སྣ་ཚོགས་མཚན་མ་ཡིས།། ཀ་གདུང་ཕྲེང་བ་སྟེང་འོག་ལོགས།། པ་ཏྲའི་ཕྲེང་བ་ཕྱོགས་དང་མཚམས།། རྣམ་གསལ་ཤར་བུ་དོ་ཤ་ལ་དང་།། འཕན་གདུགས་རྒྱལ་མཚན་རྔ་ཡབ་དྲིལ།། རིན་ཆེན་འབར་བའི་ཁྲི་སྟེང
122b6 ལ།། ཟླ་བ་ཉི་མ་པདྨའི་གདན།། སྟོབས་མཆོག་མི་འཇིགས་རྫུ་འཕྲུལ་དང་།། ཐོགས་མེད་ཤེས་བྱའི་གང་ཆེན་མཚོ།། རང་གི་དེ་བཞིན་ཉིད་ལ་བཞུགས།། དེ་ཚེ་འཁོར་ཚོགས་རྒྱ་ཆེན་པོ།། གཉིས་མེད་མཉམ་པར་འཁོར་པ་ཡི།། རང་བཞིན
122b7 ནམ་དག་ངོ་བོ་ཉིད།། དམིགས་མེད་གསལ་བའི་ཡུལ་འདུག་པ།། མཉམ་ཉིད་ཟུང་འཇུག་གཉིས་སུ་མེད།། ཀུ་ནགས་ལ་རྟོགས་པ་སྣ་ཚོགས་རྒྱུང་།། མཛད་པས་དོན་ཀུན་མཐ་ཕྱི་དུལ།། སངས་རྒྱས་ཕུན་པ་པོ་ཉིང་། དུ་རྣཾས་མི་བློད་ཐུགས་ཀྱི་དངོས




iiif viewer powered by OpenSeadragon

122a - 123a

Texts on this page

Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud