| | e-texts navigator
|
121a1 བ་རྣམ་པར་འཕྲུལ་པ་ཡིས།། མ་འགགས་ཆ་བར་རབ་ཏུ་བཀོད།། དཀྱི་འཁོར་ཀུན་འབྱུང་བཟང་པོའི་མཁའ།། ཀུན་བཟང་ཚོ་འཕྲུལ་མ་འགགས་པར།། སྣ་ཚོགས་བདོག་རྣམ་གསལ་ཞིང་།། སྔ་ཆགས་དབྱིངས་བརྒྱན
121a2 ད་དཔ།། མ་མའི་བྱཎྜ་ལ་འགག་མེད་ཛེས། སྐྲི་བ་མེད་ནོ། འི་མངངས་སྭཱཧཱ། ཐམས་ཅད་མིང་ལགྶ་གང་འི། དེ་ཏིང་གསུསུངས་དྷ་མས་ཟེར། བབ་པོའི་མཚན་ཉིད་འརྗོད་པ་ཚོག། རྣམས་དས་པ་ལ་འང་གཅང
121a3 ཆོས་རྣམས་ཐམས་ཅད་དེ་ལྟ་བུ།། དཔེ་ཡི་ཐ་སྙད་ཀུན་ཏུ་བྲལ།། རང་ཉིད་ངོ་བོས་སྟོན་བྱེད་པའི།། མཐར་ཐུག་ཆོས་ཀུན་རྒྱལ་བའི་གསུང་།། ཐེག་པའི་བྱེ་བྲག་རྒྱ་ཆེན་པོ།། མ་ལུས་ལུས་པ་མེད་པར་སྒྲོགས།། སོ་སོའི་མཚན་ཉིད་གསལ་སྟོན་ཅིང་།
121a4 ཟབས་མཁས་འགྲོ་བའི་རྒྱུད་སྨིན་མཛོད།། ཐམས་ཅད་གཟོད་ནས་ཞི་བའི་ཆོས།། ནམ་མཁའ་ལྟ་བུར་སྐྱེ་འགག་བྲལ།། རང་བཞིན་ལྷན་གྲུབ་འགྱུར་བ་མེད།། གཅིག་ཏུ་མ་ངེས་སྣ་ཚོགས་དངོས།། མ་བདེས་ཡོངས་རྫོགས་གསལ་བ་ཡི།། ཡུལ
121a5 སེམས་གཉིས་མེད་མེ་ལོང་ལྟར།། གཉིས་ཅན་དངོས་ཅན་མ་ལུས་པ།། མཐའ་རྣམས་ཀུན་པས་གྲོལ་བ་ཡིས།། ཟུང་འཇུག་གཉིས་མེད་གཉིས་སུ་གསལ།། བདག་དོན་རྫོགས་པའི་སྟོབས་རྫོགས་པའོ།། གདུལ་བའི་དབང་པོ་ཁམས་རྣམས་དང་།།
121a6 མཆེད་བྱེ་བྲག་ཅི་ལྟ་བ།། དུས་ཕྱོགས་རྒྱུད་ཀུན་བསྡུས་པ་རྣམས།། སོ་སོར་རྟོགས་གསལ་ཆུ་འབྲས་བཞིན།། རྫོགས་པའི་རྩལ་གྱིས་ཀུན་དོན་སློང་།། བྱ་བ་མཐར་ཕྱིན་སྦྱོང་བ་མེད།། བདག་ཉིད་ཆེན་པོའི་རང་བཞིན་ལ།། སྤྲོས་མེད་སྙིང་པོ་བྱང་ཆུབ་སུ།།
121a7 སེམས་ཡུལ་བཔ་བདེ་ཆེན་རྒྱལ།། ཐམས་ཅད་མཁྱེན་པ་ལྷ་ཡི་ལྷ།། གཞལ་ཡས་ཁྱད་པར་འཕགས་པའི་ཚུལ།། མཚན་མཆོག་སུམ་ཐུ་རྩ་གཉིས་དང་།། དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན།། བདེ་བའི་ཡེ་ཤེས་ཀུན་འགྱུང་གནས།། སྟོབས་བཅུ
iiif viewer powered by OpenSeadragon
120b - 121b