e-texts navigator
Collection
Volume
Page
Wylie

120b1 འཇིག་མི་གནས་གསལ་བར་མར་མེ་འདྲ།། བསྟན་པའི་རྒྱལ་པོ་ཡང་གསང་རིག་པའི་གཏེར་ལ་འདུད།། དེ་ནས་ནས་པའི་ཡང་གཏེར་འདི།། རིན་ཆེན་གསཔ་པའི་གླེགས་པ་མ་འདི།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། གསལ་བའི་རིག་པ་རྒྱས་བཏབ
120b2 ནས།། མཁའ་དཀྱིལ་སྦས་པ་ལྷ་དབང་གི།། སྤྱིས་བླང་ཡང་དག་དབང་ཐོབ་ནས།། སྤྲུལ་པ་ཉིད་ལ་རབ་ཏུ་བཤད།། དེ་ནས་རྡོ་རྗེའི་གདན་སྟེངས་སུ།། ཡང་སྤྲུལ་ཐུགས་ཀྱི་སྲས་རྣམས་ལ།། རྒྱལ་ཐབས་སྤྱི་གླགས་དབང་བསྐུར་ནས།། མ་བགྲོད
120b3 རྟོག་པའི་འཇིག་ལས་བསྒྲལ།། རྣམ་གྲོ་ལ་ས་ལ་བདེ་བར་གཤེགས།། དེ་བཞིན་འོད་གསོལ་རྣལ་འབྱོར་ལ།། ཤེས་རབ་དག་པས་མཉམ་སྦྱར་ན།། རྫོགས་ཆེན་ལྷུན་གྲུབས་ལ་སྦྱོར།། གང་ཞིག་དད་པས་འཛིན་ཀློག་ལ།། བསོད་ནམས་བརྗོད་པར
120b4 ནུས་ཏེ།། སྐལ་བ་དམན་པའི་ཡུལ་མིན་ལ།། སྲོག་དང་བྲལ་བའི་ཁ་བཞིན་བྱ།། རྒྱལ་ཚབ་ངེས་པ་གཅིག་ལ་གཏད།། སྦས་པ་ཐུགས་ཀྱི་ཉི་མ་འདི།། ཡང་གསེང་རིག་པའི་གཏེར་དུ་གཞག། གནས་ཀྱང་སྦོམ་དུ་ངེས་པར་སྲ།། ཡེ་ཤེས་བདུན
120b5 གྱི་རྒྱང་ལས། རྗེས་སུ་ཡི་རིང་བའི་ལེའུ་སྟེ་བརྒྱད་པའོ།། ། ཡེ་ཤེས་བདུན་འབྱུང་བའི་རྒྱུད་སེམས་ཀྱི་མེ་ལོང་ཆེན་པོ་རྫོགས་སོ།། དི་ལ་པོས་བརྒྱ་ས་པཙས།། རྒྱག་སྐད་དུ། མ་ཧཱ་སནྣི་དྷརྨ་ཏཱ་བོ་དྷི་ཙིཏྟ་མརྒ་ལ་ནི་ཡཱ་མཱ་པྲ་ཀ་ཊ་ཀྵི་ཏ་ཏ་ནྱན་མ། བོད་སྐད
120b6 དུ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་རང་ཆེན་ལས། བདེ
120b7 བར་གཤེགས་པ་བཅོམ་ལྡན་འདས།། སངས་རྒྱས་ཀུན་ཏུ་བཟང་པོ་དཔལ།། རྡོ་ན་ཅུ་གསུང་ཐུགས་ཀྱི་བདག། བདེ་ཆེན་ལྷུན་གྱིས་རྫོགས་པ་ཡིས།། ཕྱོགས་བུས་བདེ་གཤེགས་ཀུན་བདག་ཉིད།། དཀྱིལ་འཁོར་ཆེན་པོས་མཛེས་པར་བརྒྱན།། སྔང




iiif viewer powered by OpenSeadragon

120a - 121a

Texts on this page

Gdg006.23 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud
Gdg006.24 - rdzogs pa chen po chos nyid byang chub kyi sems bkra shis mi 'gyur bar gsal bar gnas pa'i rgyud