e-texts navigator
Collection
Volume
Page
Wylie

119b1 རིམས་ཀྱི་དབྱངས།། གསང་བ་རང་ཐང་རིག་པའི་ཀློང་།། རྫོགས་ཆེན་ཐེག་ལེ་ཇི་བཞིན་ལ།། མཉམ་པར་དགོངས་མེད་རིག་པས་གཞག། བྱུང་ཟིང་གཡོ་དགོགའི་སྐྱེད་པ།། གསལ་མེད་རེག་པ་ཉིད་ཀྱི་གསལ།། རྫོགས་ཆེན་མ་བཅོས་དགོས
119b2 པ་ལ།། གང་ལྟར་བཅོས་པ་ལོག་པའི་ལམ།། མ་བཅོས་རིག་པ་མཉམ་སྦྱར་ན།། སྒོ་བྲལ་རིག་པའི་འཁོར་ལོ་ལས།། ཐུགས་རྗེ་རེག་པའི་བྱིན་དྲ་བས་ནི།། མ་བཙལ་ཉི་མའི་འོད་ལྡང་འབྱུང་།། གསལ་བ་མཐའ་དབུས་མེད་པ་པ།། རིགས་མཉམ
119b3 དེ་སེམས་ཀྱིས་བལྟ།། གཏན་འཛིན་མེད་པའི་རིག་པ་ཡིས།། རང་བྱུང་ལྷག་པར་གཞག་པར་བྱ།། རང་བྱུང་རིག་པ་ཅིང་མི་དགོངས།། རང་གསལ་འཁོར་ལོ་རྒྱུན་མི་གཅད། ཡེ་ཤེས་བདུན་འབྱུང་གི་ཀླུད་ལས། ཡེ་ཤེས་འཁོར་ལོའི་ལེའུ་ས་དྲུག
119b4 པའོ།། ། ཀྱེ་སེམས་དཔའ་ཆེན་པོ། རང་བཞག་རིག་པའི་དགོངས་པ་ནི།། ཇི་བཞིན་མངོན་དུ་གསལ་བྱས་ནས།། རིན་ཆེན་འབང་བའ་འོད་གསལ་བས།། སེམས་ཀྱི་དཀྱིལ་འཁོར་འབར་བར་བྱེད།། འཛིན་ཕྲལ་རིག་པའི་ཆ
119b5 དབྱིངས་ལ།། བསམ་མེད་འགྱུར་མེད་མཁའ་ལྟར་གནས།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། གང་དག་བྱིས་པའི་འདུ་ཤེས་ཀྱིས།། རང་བྱར་རིག་པའི་ཡེ་ཤེས་ལ།། བསམ་བྲལ་རིག་པའི་མཚན་ཉིད་དེ།། བསྟན་པ་དོན་གྱིས་གོ་བར་ཟད།། དངོས
119b6 གྲུབ་རིན་ཆེན་འོད་ལྟར་འབྱུང་།། ཟག་མེད་ཕྲ་བཀོད་མཁའ་དཀྱིལ་པ། ཉི་ཟླ་གཟང་སྐར་བཀྲམ་པ་ལྟར།། མ་འདྲེས་རིག་པ་དབྱིངས་ལ་གསལ།། དེ་ཉིད་མི་གནས་རང་བཞིན་ནི།། ཀུན་འབྱུང་རིན་ཆེན་ཕྱོགས་མེད་ཤར།། འཕེལ་འགྲོ་བ་རྟོག་པ་མི་གནས
119b7 པས།། ཉི་མང་འོད་ལྟར་ལྷུན་ཐུབ་པ།། ཀུན་པ་ཇི་ལྟར་འདོད་པར་འཆར།། མཁའ་ལྟར་ཁྱབ་ལ་གསལ་བ་ཆེ།། མེ་ཏོག་དབྱིངས་ཀྱི་རང་ལགས་ལ།། འོད་དངོ་འོད་ཅན་ཇེ་བཞིན་དུ།། མ་བཅོལ་ལྷུན་གྱིས་གྲུབ་པའོ།། མ་ཡེངས་ཡ་ལ་བཞག་ད




iiif viewer powered by OpenSeadragon

119a - 120a

Texts on this page

Gdg006.23 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud