e-texts navigator
Collection
Volume
Page
Wylie

117a1 བཞག་ཟུག་ཕྲད་མཉམ་ཉི་དང་།། ར་འབྱུང་རང་གི་ཉམས་པ་ཤེས།། རང་གསལ་བ་ཡིན་གཞན་ལས་མིན།། གཉིས་ཀས་མ་མིན་ཁྱད་པར་གསལ།། རང་རིག་ཡུལ་མེད་དུས་གཅིག་གསལ།། ཡིན་དང་།
117a2 མ་ཡིན་ཕྱོགས་མེད་ཀློང་།། ཀུན་གས་པ་རིག་པའི་སྒོ་ཕྱེ་ནས།། ཡེངས་མེད་མ་བཅོས་དོན་ལ་ཞུགས།། སྙིང་རྗེ་བསམ་མེད་ཕྱོགས་སུ་བརྡལ།། ཡུལ་མེད་མ་བཅོས་དེ་བཞིན་ཉིད།། མ་བསམས་མི་གནས་ཁྱད་པར་འགྲོ།། ཡེ་ནས་རིག་པའི
117a3 ཐགས། དུ་སྨྲིག་སྨ་པ་གཏུ་བགྱུསྨྲ་བ་དག་པས་ས་པན་པ་ས། ས་བྱུགས་པ་ཞུ་པ།། དྲིན་པཔ་ག
117a4 ཀྱང་།། བྱ་བྲལ་རིག་པ་ཅིར་མི་འཛིན།། བསམ་པའི་བློ་ཡིས་ཟེར་མི་སྤྱད།། རང་བཞིན་འཁོར་ལོ་རིམ་པར་བསྐོར།། འཇུག་མེད་འཇུག་བྲལ་དགོངས་པས་གནས།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། མཚོན་པ་ལམ་གྱི་རྒྱད་དང་བྲལ།། གས
117a5 པར་ཤེས་ཏེ་ནུ་བབྲལ།། ཅིར་ཡང་མི་འཛིན་དེ་བཞིན་ཉིད།། གདོད་ནས་ལྷུན་གྱིས་གྲུབ་པའི་དང་།། རང་བྱུང་འོད་གསལ་གཅིག་ལ་རྫོགས།། མི་གནས་རིག་པའི་དཀྱིལ་འཁོར་ལ།། མ་བསལ་མ་བསྒྲུབས་གདོད་ནས་གསལ།། འགྱུང་འཇུག
117a6 མེད་པའི་ཡེ་ཤེས་ཀྱིས།། ཡེངས་མེད་དབྱིངས་པ་ཐབས་ཀྱིས་འཇུག། འཁོར་བ་པ་ནས་སངས་རྒྱས་པས།། འོད་གསལ་དག་པ་ཉིད་དུ་གས་ལ།། མ་བསྒྲིབས་ཀུན་ལ་ཁྱབ་པའི་འོད།། ཐམས་ཅད་གསོལ་བར་རང་བཞིན་འཆང་།། འདི་ལ་སྤང་བརྗོད
117a7 ཡུལ་དང་བྲལ།། འདི་ལ་བས་མ་དཔྱོད་མཐའ་དང་བྲལ།། འདི་ལ་རྩོལ་བསྒྲུབ་མཐའ་དང་བྲལ།། འདི་ལ་དགག་བསྒྲུབ་ཀྱད་ལས་འདས།། ཀུན་གྱི་སྙིང་པོ་རང་ཕྱུབ་ལ།། རིག་པ་གསལ་བར་ཉམས་མྱོང་ལ།། ཀུན་ཀྱང་རངགས་པ་མཉམ་པར




iiif viewer powered by OpenSeadragon

116b - 117b

Texts on this page

Gdg006.23 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud