e-texts navigator
Collection
Volume
Page
Wylie

116b1 གངས།། རང་བཞག་དགོངས་པ་བསམ་མེ་ཁྱབ།། ཡུལ་བྲལ་ཤེས་པ་འཛིན་རྡོལ་མེད།། མ་ཡེངས་པས་མ་མེད་བརྗོད་བྲལ་ལུང་།། རང་གི་ཉམས་ཀྱིས་གསལ་བར་ཤེས།། དབུས་མཐའ་མེད་པ་རིག་པ་ལ།། མ་འཇུག་བསམ་པའ་སེམས་རྒྱས
116b2 གནས།། གང་དུདང་མི་བཞག་རྟེན་བྲལ་བས།། གཞག་ཏུ་མེད་པའི་དོན་འདི་ལ།། དེ་བཞིན་ཉིད་ལ་གོམས་པ་ཡིས།། དུས་གསུམ་མ་བཅོས་དགོངས་པས་གཞག། རྡོ་རྗེ་སེམས་དཔའི་དགོངས་པའི་དོན།། མང་ཅོས་རིག་པས་གསལ་བར
116b3 ཤེས།། ཚིག་མིན་དོན་དུ་མཉམ་སྦྱར་ནས། གང་ལྟར་བལྟས་པས་དེ་ལྟར་བཞག། འདི་ནི་རིག་པའི་ཉམས་སུ་བརྗོད།། གདོད་ནས་མ་བཅོས་ལྡན་གྲུབ་པ།། མཚན་མའི་བརྡ་ཡིས་མཉམ་སྦར་ནས།། སངས་མེདར་ང་གསལ་བདེ་ཆེན་པ།། ཡེནས
116b4 ལྟར་གནས་བཞིན་བྱ།། བདེ་བ་དེ་ཡི་དོ་ནག་ན།། བཙལ་མེད་འདི་ནི་རང་ལ་ཤར།། རྒྱལ་བའི་འགོངས་པ་དབྱིངས་པ་གཟུགས།། སྤྱོད་ལ་མ་གང་ལྟར་བདེ་བ་བཞིན།། རང་རིགགས་པ་ལ་མཉན་པར་བསྒོམ།། མ་སྤངས་མ་བཙབ་ཤུགས་ཀྱིས་གསལ།
116b5 བྲལ་པའི་དྲན་ལྟར་དེ་བཞིན་ནུ།། མ་བཙལ་རེག་པས་འགྲུབ་པར་འགྱུར།། བཙལ་ན་འཛམ་ཆུ་རྡོ་གཟུགས་ལྟར།། འོད་གསལ་འཁོར་བའི་ཁམས་སུ་འགྱུར།། བེབས་མ་མི་དཔྱང་དགོངས་པའི་གླིང་།། ཡེངས་མེད་མཚན་མའི་སྒོ་སྤང་བཅས།
116b6 གཅིག་གིས་ཀུན་གྱི་རང་བཞིན་གསལ།། དང་པོ་དེ་ཉིད་རང་ཉམས་རྫོགས།། མ་བཅོས་ཉམས་མྱོང་ཏིང་འཛིན་ཏེ།། འཁོར་བ་དགས་པ་སྙིང་པོར་གྲུབ།། ཐམས་ཅད་གསལ་བའི་མཎྜལ།། གསལ་པ་འཛིན་མེད་རང་བཞག་བྷྱོ།། མ་བཅོས་མཉམ
116b7 པར་གནས་པར་བྱ།། ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། རང་བཞག་རིག་པའི་ཡེ་ཤེས་མཉམ་པར་རྟོགས་པའི་ལེའུ་སྟེ་གསུམ་པའོ།། ། ཀྱེ་སེམས་དཔའ་ཆེན་མོ། ཡེ་ཤེས་གོམས་དང་རྟགས་ཉིད་དང་།། ཚུལ་དང་བློ་ཡི་ཚུལ་ཉི་དང་། @




iiif viewer powered by OpenSeadragon

116a - 117a

Texts on this page

Gdg006.23 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud