e-texts navigator
Collection
Volume
Page
Wylie

115b1 པའོ།། ། ཀྱེ་སེམས་དཔའ་ཆེན་པོ། རང་གསལ་ཡེ་ཤེས་མཉམ་ཉིད་ལ།། སྒྲ་ཆོ་ག་བཛད་པའི་རིག་པ་ཡིས།། རྫོགས་པའི་ཡེ་ཤེས་མངོན་གྱུར་ན།། ཡེ་ཤེས་འདགས་པ་ཉིད་དུ་ངེས།། མ་བསླད་རྐྱེན་བྲལ་ཉག་གཅིག་པ།
115b2 རིམ་པ་མ་ཡིན་དུས་གཅིག་གསཔ།། རྩོལ་བྲལ་རིག་པ་ཅིར་མི་དགོངས།། ཅིར་སྣང་རང་གསལ་ཉིད་ཀྱི་དབྱིངས།། མ་བཙལ་མ་སྦྱངས་ཡེ་ནས་གྲུབ།། རིག་པ་མ་བཙལ་མངོན་སུམ་དབྱིངས།། སྨོན་དུ་མེད་པ་རང་ལ་རྫོགས།། དུས་མེད་པ
115b3 རིག་གསལ་བའི་ལུང་།། བསྐྱོད་མེད་ཆོས་དབྱིངས་དམ་པ་ཉིད། ཀུན་ཀྱང་རིག་པ་ཉམས་སུ་སྐྱེས།། འབྱུང་འདུག་མི་ག་ནུས་ཅིར་མཽ་དགྲོངས།། མ་བསླད་མ་བཅོས་ཡེ་ནས་འབྱུང་།། བརྒྱ་བྱིན་ནོར་བུ་ཙོ་བཞིན་དུ།། མ་བཙལ་གདོང་ནས
115b4 ལྷུན་གྱིས་གྲུབ།། རིག་པ་ཡེ་ཤེས་འོད་གསལ་དུ།། མཉམ་དང་མེ་མཉམ་ཆོས་མི་གནས།། མཐའ་དང་དབུས་མེད་ཡེ་ཤེས་ཀློང་།། ཕྱེ་དང་ནད་མེད་ཆོས་ཀྱི་དབྱིངས།། མ་སྐྱེས་པ་དང་མི་གནས་པས།། མ་ཆགས་པ་དང་ལྡན་གྱིས་གྲུབ།། གདོད
115b5 ནས་དག་པ་ཆེན་པོ་ལ།། སྦྱང་ཞིང་བགྲོད་པག་ལ་ཡོད།། དུས་གསུམ་རྒྱལ་བའི་སྙིང་པོ་ནི།། རིག་པའི་ཡེ་ཤེས་རང་གསལ་ཡིན།། ཟབ་མོ་གསང་བའི་དེས་དོན་ལ།། ཕྱོགས་དང་ཕྱོགས་མིན་ཆོས་མི་གནས།། རིག་པ་རང་གས་ལ་ཡེ
115b6 ཤེས་ཉིད།། སྦྱང་པ་མ་ཡིན་གདོད་ནས་གྲུབ།། གཉེན་པོས་མ་བཙལ་དེ་བཞིན་ཉིད།། མ་བཅོས་མི་ག་ནས་རང་བཞག་པས།། ཇི་བཞིན་རང་བྱུང་གནས་པས་གསལ།། སྡང་སྲིད་འཁོར་དང་འདས་པ་ཀུན།། རང་བྱུང་རིག་པར་རང་གསལ་བས།
115b7 སྒོ་དང་སྦར་པའི་ཆོས་མི་གནས།། བཙལ་མེད་ཡེ་ཤེས་གསལ་བ་ནི།། ཁྱབ་པར་གསལ་བའི་དམིགས་དང་བྲལ།། འདུ་འབྲལ་མེད་པར་ཡེ་ནས་འབྱུང་།། དམིགས་བས་མ་མི་སྤྱད་རང་བྱུང་ཉིད།། རང་གསལ་རྫོགས་པ་ཉག་གཅིག་པོ།། དུ་མའི་ཆོས




iiif viewer powered by OpenSeadragon

115a - 116a

Texts on this page

Gdg006.23 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud