| | e-texts navigator
|
113a1 ཡང་གསལ་བའི་རྒན་གྱིས་བསྒྲུབས་པ་ན། བཅོམ་ལྡན་འདས་རང་བཞིན་རྫོགས་པ་ཆེན་པོར། རང་བཞིན་གྱི་འཁོར་དང་། རང་བཞིན་པ་ལྟ་བའི་འཁོར་དང་། རང་བཞིན་ཉིད་ལ་གནས་པའི་འཁོར་དང་། རང་བཞིན་མངོན་དུག
113a2 བར་གྱུར་པའི་འཁོར་དང་ཐབས་ཅིག་གོ།། དེའི་ཚོན་བརྒྱ་བྱིན་ལྷའི་དབང་པོས། གདུལ་བུའི་དོན་ཤེས་ནས། ཕྱོགས་བཅུའི་རྒྱལ་བ་ལ་འདི་སྐད་ཅེས་བསྐུལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། ཐུན་མོང་བྱ་བ་མཐར་བཏོན་ནས།། གང་ལ
113a3 བར་མཛེས་པ་ཡི།། དམ་པའི་གསང་བ་གསུང་དུ་གསོལ།། ཅོལ་བྲལ་རིག་པའི་ཁྱད་པར་ལ།། གཉིས་པའི་དོན་དེམི་གནས་ཏེ།། དེ་ཉིད་སྣང་བའི་བྱིན་དྷངས་ལས། ཇི་ལྟར་འདོད་པ་སོ་སོར་གསལ།། ཞེས་བསྐྱལ་ཏོ།། དེ་ནས་ཕྱོགས
113a4 བཅུའི་རྒྱཡ་བ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་མགྲིན་གཅིག་ཏུ་འདི་སྐད་བསྐུལ་ལོ།། རང་གསལ་རིག་པ་མཆོག་གི་སྐུ།། རྩོལ་བྲལ་བསྟན་པ་ཐུགས་ལ་རྫོགས།། འདོད་དགླང་འབར་བའི་ནོར་བུ་ལྟར།། གདོད་ནས་ཀུན
113a5 རྫོགས་བདག་ཏུ་གསལ།། རིག་པ་ལྷུན་རྫོགས་དབྱིངས་ལ་བཞུགས།། བདག་གཞན་མི་མངའ་ཕྱོགས་རིས་བྲལ།། ནམ་མཁའ་མི་འགྱུར་རྟག་པར་བལྟ།། རང་གསལ་ལྷུན་གྲུབ་རིག་པ་ཁྱོད།། གང་ལ་རྐྱེན་གྱིས་བསྐུལ་བ་ལྟར།། ཐུགས་རྗེས་སེམས
113a6 དཔར་བསྟན་དུ་གསོལ།། ཞུས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ལ་བསྐུལ་པས། ལྷའི་དབང་པོའི་ངོ་ལ་གསང་བའི་བདག་པོར་སྣང་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་ཀུན་གྱི་གསང་བའི་ཐུགས།། ཀུན་དུས་བྱང་ཆུབ་སེམས་ཀྱི་དང་།
113a7 རངགས་པ་ཉིག་གཅིག་དྲི་མེད་པ།། བདེ་ཆེ་ན་བྱེད་ཀྱི་སྐུ་མཆོག་གིས།། བརྗོད་བྲལ་གསང་བའི་ཆོས་ཉིད་འདི།། ཚིག་དང་ལ་གེ་ཀུན་བྲལ་ཡང་།། དེ་ཉིད་བརྗོད་པས་གོ་བྱའི་ཕྱིར།། ཡེ་ཤེས་གསལ་བར་གསུང་དུ་གསོལ།། ཞེས་ལུས་སོ།། དེ་ནས
iiif viewer powered by OpenSeadragon
112b - 113b