e-texts navigator
Collection
Volume
Page
Wylie

111b1 ལ།། གང་གནས་ཆོས་ཉིད་ཡིན་པར་བཤད།། གནས་དང་མི་གནས་གཉིས་མེད་དོ།། དེ་ཕྱིར་རྣམ་པ་ཐམས་ཅད་མཁྱེན།། འདི་ནི་སྐུ་ཡི་དངོས་གྲུབ་ཡིན།། རྫས་ཉིད་ཅིང་ཡང་མ་མཐོང་བ།། དྲགས་པ་ཡང་དག་དོན་མ་ལོག། བཟླས
111b2 ཤིང་གསལ་བར་མ་གྱུར་པ།། གསུང་གི་དངོས་གྲུབ་ཤིན་ཏུ་ཡིན།། ས་ལ་མི་བརྟེན་ལྷུན་གྱིས་གྲུབ།། འདི་ནི་ལམ་རྒན་ཀུན་འོང་འགྲོ།། ཐམས་ཅད་འདུས་པའི་དངོས་གྲུབ་ཡིན།། རང་བཞིན་དང་ལ་རང་བཞིན་ཡན།། རང་བྱང་རིག་པ་ཞེས་བྱའོ།།
111b3 འདེ་མེ་སྡང་བ་གཞན་སྣང་མེད།། གལ་ཏེ་བློ་ལ་སྣང་བ་དེ།། དོན་སྣར་མ་ཡིན་མཚན་མའོ།། དེ་ནི་ངང་གྱུར་རིག་པ་མིན།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས།། ཆོས་ཉིད་ཇི་བཞིན་པའི་སྐབས།། དེ་ནས་རྨད་དུ་བྱུང་བ་འདི་བཀང་སྩལ་པ། སེམས་མི
111b4 གཡོ་བ་བདེ་བ་སྟེ།། སེམས་ཀྱི་སེམས་འཆིང་མི་འཚོང་བས།། སེམས་ལ་ཞིབ་པས་བརྟག་དཔུད་བྱ།། ཤེས་བཞིན་གྱིས་ནི་བྲང་བཅད་དེ།། སེམས་ཀྱི་སེམས་ལ་བལྟས་པས་ན།། ཅིང་ཡང་མ་མཐོང་མ་ཡེངས་པ།། བསྒོམས་ན་མ་བསྒོམསས་བླ
111b5 ཉམས།། དེ་བས་འབྱུང་ཚོར་ཅི་གྱུར་ཡང་།། རང་བྱུང་དེང་ཞི་བསྒོམ་པའི་གཙོ།། རདབྱུང་རང་ཞེ་ཙོམ་མི་གདགས།། སེམས་ཀྱི་སྤྱོད་འཇུག་ཐམས་ཅད་ཀྱང་།། ཡི་གེ་མེད་པའི་ངང་དུ་བཞག། དེ་ནི་རྒྱལ་པོའི་རྒྱལས་འོ།། མན་ངག་སྙིང་པོ་གྱུར
111b6 ས་བྱ།། བདེ་གཤེགས་ཉག་གཅིག་དགོངས་པ་ལ།། ཕྱིར་བས་རྣལ་འབྱོར་དོན་པ་ནི།། ཡང་རབ་བསམ་པའི་ཏིང་ངེ་འཛིན།། རབ་ཀྱི་རབ་ཀྱིས་དོན་ལ་དཔྱད།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་ལས། རྨང་དུ་བྱུང་བ་བསྟན་པའི་སྐབས།།
111b7 དེ་ནས་སྐུ་གསུང་ཐུགས་སུ་འཁོར་རྣམས་རང་བཞིན་དུ་བཏོན་ནས་བཀང་སྩལ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་འདི་མཐོང་ངམ། ཐོས་ས་མ་ཉམས་སུ་བླངས་སམ། དོན་ཆགས་སམ། དེ་སྐད་ཅེས་བཀའ་སྩལ་པ་ལས། འཁོར




iiif viewer powered by OpenSeadragon

111a - 112a

Texts on this page

Gdg006.21 - byang chub kyi sems bsgom pa