| | e-texts navigator
|
110b1 དམ་བླང་།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་དབྱིངས་ཟར་མ་སྐབས།། ། དེ་ནས་རང་བཞིན་མཐོང་དུ་མདཔ་བཀའ་སྩལ་པ།། རང་བཞིན་རང་གི་རྟོགས་པ་ནི།། ཕྲདག་མེད་པ་ཐབ་མོ་སྟེ།། དྲང་ཁའི་ཚོན་ཡོད་མད་ན།། བསམ་པ་མཚན་མ
110b2 ཅན་གྱིས་ནི།། དེ་ལ་མ་དཔོག་གྱ་གྲུ་ཅན།། གསལ་བ་མེད་པར་རང་བཞིན་གས་ལ།། གསལ་བ་ཉིད་ནི་གྲུབ་མཐ་སྐྱོན།། རང་བཞིན་མཁའ་ལ་རང་བཞིན་སེམས།། བསམ་པ་རང་བཞིན་རང་བཞིན་གནས།། ཤེས་གྱུན་དུ་ཡང་རང་བབྱིནས་པ།
110b3 ན་ཉམས་མེད་ཉམས་ཞེས་བྱ།། ལྟ་བ་རིམ་པ་མ་ཡིན་ལ།། ། སྒོམ་པ་རིམ་པ་མ་ཡིན་པ།། ལྟ་སྤྱོད་གཉིས་ཀ་རང་བཞིན་ཙམ།། ཁྱད་པར་འཕགས་པའི་རང་བཞིན་ནོ།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་རང་བཞིན་གྱིས་མཚན་དུ་མེད་པའི་རླབས།
110b4 ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཡིན་པ་འདི་བཀའ་སྩལ་པ། ཐམས་ཅད་དབྱིངས་ལས་ཕྱེད་ཡིན་པས།། དབྱིངས་དང་ཡེ་ཤེས་དབྱེར་མེད་སྟེ།། ཡེ་ནས་མ་བཅོས་དབྱིངས།། དེ་ལ།། མ་བཅོས་རིག་པ་ཀློང་དུ་ཡན།། རང་བཞིན་དོན་དང་ལྡན་བྱས་ཏེ།
110b5 གའི་སྤྱོད་ཡུལ་མ་ཡིན་པས།། དབྱིངས་དང་ཡེ་ཤེས་གཉིས་མེད་དེ།། གཉིས་མེད་བདེ་བའི་མཆོག་རྒྱལ་པོ།། དེ་ལྟར་མ་ཡིན་རྟོག་གེ་བས།། བསམ་པ་དེ་ལ་གནས་པ་ན།། གལ་ཏེ་སེམས་ལ་གཏད་ཡོད་པས།། བཏང་བ་མི་མཐོང་འཆིང་བ་བྱ།། ས
110b6 མི་དགས་པའི་སྐྱེས་བུ་ཡིས།། ནམ་མཁའ་བཞིན་དུ་ནང་དུ་བསྡུས།། དང་པོའི་ཚེ་ན་འདི་གཉིས་སྒྲིམས།། དབང་པོ་ཡུལ་ལ་འཕྲོས་པ་ཡང་།། དེ་ཁ་དབྱིངས་ཟང་ཤེས་རབ་མོད།། ཁ་ཅིག་རྫོགས་ཆེན་དོན་འདོད་པ།། རང་བཞིན་བདེ་བ་ཉམས་སུ་བླང་།། བདེ
110b7 བསྒོམས་ཏེ་མཆིར་འཚོར།། དེ་བས་ཆད་པ་ཞི་བར་བཞག། དེར་བཞག་གསེར་འདོད་བོར་པ་བཞིན།། དབྱིངས་དང་ཡེ་ཤེས་སྐད་ཅིག་ལ།། མེད་པ་ཤེས་རབ་ཐབས་རྫོགས་པ། དེ་ནི་སངས་རྒྱས་ས་ལ་གནས།། གཉིས་སུ་མེད་པར་མི་བལྟ་བར།། དེ་ནི་སངས
iiif viewer powered by OpenSeadragon
110a - 111a