e-texts navigator
Collection
Volume
Page
Wylie

10b1 པ་དག་ལ་ནོར་བ་མེད།། ངེས་པ་དགྲ་ལ་ཐེ་ཙོམ་མེད།། རྫོགས་པ་ཆེན་པོའི་ལུང་འདྲིལ།། ཡོད་མེད་ཚིག་དང་མ་ངེས་པའི།། དོན་ལ་འདའ་བ་མི་མངའ་བས།། བརྗོད་པའི་ཚོ་བུ་པས་འདའ་མི་མངང།། ཞེས་གསུངས་སོ།། རྣམ་པར་བགྲང་བའི་མང
10b2 ལས། འཇིག་རྟེན་ལས་འདས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེ་དེས། འདུས་པའི་ཚོགས་ལ་རྣམ་པ་གཉིས་སུ་བགྲང་བའི་དོན་གྱི་མདོའི་འགྲིལ་པ་འདི་གསུངས་སོ།། ཀྱེ་འདུས་པའི་ཚོགས་ཆེ་ནད་ཉོན་ཅིག། ཕྱེ
10b3 ནང་སྣོད་བཅུ་གཉིས་ཀ་སྣང་བུའི་ཕྱིར།། དོན་དམ་སྐྱེ་བ་མེད་པས་ཕྱི་དང་ནང་།། མ་སྐྱེས་ཟླབ་མོ་དེ་ཡི་ཆ་ཤས་ནི།། དམིགས་པའི་ཡུལ་དུ་མ་གྱུར་རྟོག་ཡུལ་མེད།། སྲིད་པའི་ཕྱི་ནང་འདི་ནི་མིང་ཙཱམ་སྟེ།། དོན་དམ་མ་ཡིན་ལོག་པའི་སྟོབས་སུ་སྣང་།།
10b4 དེས་ནི་ཕྱི་ནང་རྟོག་པའི་ཏིང་འཛིན་ནི།། ཆ་ཤས་རྟོགས་པའི་ཡུལ་མེད་མཉམ་དང་བྲལ།། ཏིང་འཛིན་སྨོས་དང་བྲལ་བའི་ཆོས་ཉིད་ལ།། ཐ་ཚིག་ཕྱི་དང་རླུང་དུ་བགྲང་བྱ་མེད།། ཆོས་ཉིད་བགྲང་དུ་མེད་པའི་ཕུང་པོ་འདི།། ནམ་མཁའ་བགྲང་དུ་མེད་པའི་ཁྲིམས
10b5 བཞིན་གནས།། སྔ་མད་ལྟ་ཕྱི་མ་དུས་གསུམ་དུ།། ནམ་མཁའ་ལྟ་བུ་འདི་དང་མི་འཕྲལ་བས།། ཕྱི་ནི་འདི་ཡིན་ནང་ནི་འདི་ཡིན་ཞེས།། ཀུན་རྫོབ་མིང་ཙམ་ངེས་པར་བཇུག་པ་མེད།། ཅེས་གསུང་སྔོ།། རྣམ་པར་བགྲང་བའི་མདོ་ལས། དོན
10b6 གྱི་འགྲེལ་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། ། དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་པ་ཕུན་སུམ་ཚོགས་པ་ལག་ནུས་ནས་བཤད་པའི་ཕྱིར། ཕུན་སུམ་ཚོགས་པའི་མདོ་འདི་བཤད་དོ།། ཀྱི་འདུས་པའི་ཚོགས་ཆེན།
10b7 དཉོན་ཅིག། ཀུན་བཟང་རྒྱལ་བ་མཆོག་གི་ལ།། བྱང་ཆུབ་སེམས་ཀྱི་སྙིང་པོ་ཡིན།། ཀུན་གྱི་སྟོན་པ་བྱང་ཆུབ་སེམས།། སྟོན་པས་བསྟན་པའི་འཁོར་ཚོགས་པས།། དུས་དང་གནས་ནི་རང་བཞིན་འདུས།། སྟོན་པ་བྱང་ཆུབ་སྙིང་པོ་ནི།། ཆོས




iiif viewer powered by OpenSeadragon

10a - 11a

Texts on this page

Gdg006.3 - phun sum tshogs pa'i mdo dang 'grel pa
Gdg006.2 - rnam par bgrang ba'i mdo dang 'grel pa