| | e-texts navigator
|
108b1 ལས་བཅད་པར་བསྟན།། རྫོགས་ཆེན་འདི་ཡི་རང་བཞིན་ནོ།། སྙིང་པོ་ཤེས་པས་མ་བཅད་ན།། ཕྲ་མོའི་ཤེས་པས་གྲངས་རླབས་མཆོད།། དོན་ཀུན་གྲོལ་མ་སྣང་བར་།། སྨྲ་མྦྷིར་འབྲིང་བ་ངན་མེད་པས།། དྷ་ཚེ་དྷིཔ་པོ་འདྲ་བཅད་ལ།། ཕ་མོ་བག་ལ
108b2 ཉལ་བ་དབབ།། གཏན་ཚིགས་ཀྱིས་ནི་མ་ཡིན་ནོ།། ཕྲ་མོའི་ཤེས་པ་གྲངས་ལས་འདས།། དོན་ཀུན་སོ་སོ་རང་རང་བའོ།། དེ་བཞིན་པ་ལྟ་བ་སོ་སོར་བལྟ།། རྫོགས་ཆེན་འདི་ནི་རབ་ཅིང་སྟེ།། དོན་འདི་ཆ་རིམ་ཉག་གཅིག་ཏུ།། ཐམས་ཅད་ཀྱིས་ནམ་བུས
108b3 ཆུབ་བོ།། རྩིང་པོ་འདི་དང་མ་སྤྱད་མ་ལྡན་ན།། ལམ་མེད་ལ་མ་ཞུགས་སོ་སོར་དགོལ།། འཇུག་དང་བལྟ་དང་སྲུང་མ་དང་།། དེ་བཞིན་འཇུག་སྒོ་སོ་སོ་ལ།། འཁྲུལ་པའི་ལམ་ཡིན་མཐའ་ལས་གོ་ལ།། ཉེ་ལ་མ་རྩོལ་བྲལ་ནད་འདིས་སེལ།། རབ་ཏུ་རྩིང་སྟེ
108b4 གཅིག་སྟེ་བསྟན།། ཉེ་ལམ་ཉེག་གཅིག་ཡོངས་སུ་རྫོགས།། ཐམས་ཅད་དྲིག་ལེ་གཅིག་ཏུ་གནས།། ཞེས་རྩ་བའི་རྒྱུད་ལས། རྩོང་པོ་ཤེས་པས་བཅད་པང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་སྟོན་པས་འཁོར་རྣམས་ལ།
108b5 འདི་ལ་མོས་པའི་གང་ཟག་ལ།། ཕྱོགས་དང་རིས་སུ་མེད་པར་བསྟན།། དེ་བཞིན་ཉིད་ཀྱི་སྙིང་པོ་ཉིད།། འགྲོ་བ་ཀུན་ལ་རང་བཞིན་གནས།། རྐྱེན་གྱིས་མི་བཙལ་གཞན་ལས་མིན།། ཐམས་ཅད་ཡེ་ནས་སངས་རྒྱས་པས།། འགྲོ་བ་ཀུན་ལ་ཕྱོགས་རིས
108b6 མེད།། འདི་འཛིན་འདི་འཆད་འདི་འབོན་ན།། གང་གོམས་སངས་རྒྱས་ས་ལ་གནས།། འདྲེ་ལ་མོས་པ་ཐ་དད་ཀྱིས།། མུ་སྟེགས་སྲིན་པོའི་རིགས་དྲུག་རྣམས།། ཕྱོགས་དང་རིས་སུ་བ་ཆད་དེ།། གང་གོམས་དེ་ཡིས་དབྲས་བུ་ཐོབ།། ཐམས་ཅད་དང་བཞིན
108b7 སངས་རྒྱས་ཉིད།། རང་གི་དེ་ཉིད་མ་རྟོགས་ན།། འཁྲུལ་པར་གྱུར་ཏེ་སོ་སོར་སྣང་།། འཁོར་བ་ཉིད་ལས་ཟར་མཐའ་མེད།། རང་སངས་རྒྱས་པདེ་རྟོགས་ན།། རིག་པ་ཡེ་ཤེས་ལྡན་པས་ན།། བླ་མེད་ཤེས་རབ་ཉག་གཅིག་ལམ།། དེས་ནི་རྒ་མེད་ཟར་པ་པོབ།།
iiif viewer powered by OpenSeadragon
108a - 109a