| | e-texts navigator
|
108a1 ཇུག་པ་གན་པསརྣས་པ་བྱུ་།། ག་ད་པས་བསྒྲགས་ན།། རྫོགཔ་ན་པ་སངས་མ།། ང་འདང་བསས་ནས་།། 1མ་ང་ནས་སྒྲུབ་དཔཔས།། མ་བྱུ་དག་དགན་ན
108a2 མངའ།། བདག་གཞན་མི་མཐོང་མ་འཛིན་ན།། ཉོན་མོངས་ཀུན་ལ་དབྱེལ་ཏོག་ཀྱང་།། རྣམ་གྲོལ་ལམ་ལ་བསྒྲུབ་མི་འགྱུར།། ཐེག་ཆེན་འདི་དང་ལྡན་གྱུར་ན།། དགེ་དང་སྡིག་པ་གཉིས་མེད་དེ།། སྡིག་པ་ཀུན་ལས་ངེས་པར་གྲོལ།། བླ་མེད་འབྲས་བུ
108a3 འཐོབ་པར་འགྱུར།། འདི་དོན་དེ་བཞིན་ཉིད་རྟོགས་ན།། ཐམས་ཅད་ངོ་བོ་དེ་ཉིད་པས།། སྡིག་པ་ཀུན་ལས་ངེས་པར་གྲོལ། ཞེས་རྩ་བའི་རྒྱུད་ལས། ཐེག་པ་ཆེན་པོའི་དོན་དང་ལྡན་ན་སྡིག་པ་ཀུན་ལས་ངེས་པར་གོའི་པར་བརྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།
108a4 དེནས་སྟོན་པས་འཁོར་རྣམས་ལ།། ཐེག་ཆེན་འདི་དང་ལྡན་གྱུར་ནས།། ཕྲ་མོབ་མྱུར་དུ་རུང་བར་བསྟན།། བླ་མེད་ཐེག་ཆེན་འདི་རྟོགས་ན།། ཐམས་ཅད་དེ་བཞིན་ཉིད་གནས་པས།། ཐེག་པ་ཐམས་ཅད་འདི་རུ་འདུས།། ཐེག་པ་ཕྲ་མོ་འདི་རུ་འདུས་རུང་གིས།།
108a5 ཐེག་པ་འདི་ཉིད་ཕྲ་མོར་ཤོང་མི་འགྱུར།། ཟངས་ལ་གསེར་རྩིས་གསེར་དུ་བསྒྱུར་རུང་གིས།། ཟངས་རྩིས་གསེར་དུ་བསྒྱུར་དུ་འདོད་པ་མེད།། འདི་ཡི་དོན་གྱིས་གཞན་གྱི་འབྲས་རུང་གིས།། གཞན་གྱི་དོན་གྱིས་འདི་ཡི་དོན་མི་རུང་།། སྙིང་པོ་དོན་མཆོག་ཁྱད་པར་འདི
108a6 ཉིད་ནི།། བླ་མེད་ཐེག་ཆེན་ཕྲ་མོ་གདོང་ནས་མེད།། ཐམས་ཅད་ཇི་བཞིན་དེ་བཞིན་ཉིད་དུ་གནས།། འདི་ལ་ཡོན་ཏན་ཐམས་ཅད་ཤུགས་ཀྱིས་འགྱུར་།། ལམ་ནི་ཉེ་ལམ་བགྲོད་མེད་འདེ་བར་རྫོགས།། ལམ་གྱི་མཆོག་ཏུ་གྱུར་པའི་མིར་སོ་འདས།། སྟོང་པ་ཉིད
108a7 ཀྱིསེམས་དེ་གཟུགས་ཡོད་མེད།། ཤེས་རབ་མོས་ལ་ཛང་ཚོལ་རབ་ཏུ་བླ།། ཞེས་རྩ་བའི་རྒྱུད་ལས། ཐེག་ཆེན་འདི་དང་ལྡནན་ཕྲམ་བསྒྱུར་དུ་བཐུབ་པ་བསྟན་པའི་ལེའུ་ས་ཉི་ཤུ་རྩ་དྲུག་པའོ།། ། དེ་ནས་སྟོན་པས་འཁོར་རྣམས་པ།། རྩེང་པོ་ཤེས
iiif viewer powered by OpenSeadragon
107b - 108b