e-texts navigator
Collection
Volume
Page
Wylie

99b1 པོའི་བཀའ་ཆད་དབང་དང་ནི།། བརྟན་པོ་དཔའ་མོའི་དབང་བསྟན་ཏོ།། ཞེས་གསུངས་སོ།། དབང་རིན་པོ་ཆེ་འཁོར་ལོའི་ཀླད་ལས། གླང་གཞིའི་ལདྲ་སྟེ་དང་པའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་ཐབས་སྤྱི་བླུགས།
99b2 དབང་བསྟན་པ། སྔོན་རྒྱ་གར་ཡུལ་གྲོང་ཁྱེར་སེར་སྐྱ་ཞེས་པ་རུ། རྒྱལ་པོའི་ཕྲག་གུ་ལྟད་མོ་ལ་ཕྱིན་པས། རྒྱལ་བུ་རྐང་འཁྱམས་སོ།། སྤྲང་པོ་དང་ཁྱད་མེད་དོ།། དེ་ནས་བློན་པོས་ངོ་ཤེས་སོ།། རྒྱལ་བུ་ལ་ཁྲུས་བྱས་ཏེ་དབང་བསྐུར་རོ།། དུས་དེ་ཚུན་ཚོད་དུ
99b3 མངའ་འོག་ཏུ་འདུས་སོ།། དཔེ་དེ་བཞིན་དུ། ཐོག་མ་སངས་རྒྱས་ཀྱི་སྐྱེས་ནས། འགྱུ་བའི་འོད་ལྔ་མཐོང་བ་ལས།། འཁོར་བའི་འཁྲུལ་བ་ལ་སོགས་སྤྱད།། འགྲོ་དྲུག་གནས་ལས་ཐར་བ་མེད།། དེ་ནས་ངོ་སྤྲད་བསྟན་པ་ཡིས།། སངས་རྒྱས་ས་ཡི
99b4 དབང་བསྐུར་བས།། རྒྱལ་ཐབས་ཡེ་ཤེས་དབང་བསླར་ཡིན།། ཡེ་ཤེས་དབང་བསྐུར་ཟང་ཐལ་བསྟན།། འཁོར་བའི་མཚན་མ་རང་སར་གྲོལ།། རང་གྲོལ་ཐིག་ལེའི་རྩེ་མོར་ཚིག།། རྩེ་མོར་ཆེ་བ་བྱས་མཚན་མདངས།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།།
99b5 ཡེ་ཤེས་ཟང་ཐལ་རང་ལ་ཤར།། འགྱུ་བ་སྤངས་ནས་ཡེ་ཤེས་གང་།། གཟུང་འཛིན་སྤངས་ནས་གཉིས་མེད་གང་།། མ་རིག་སྤངས་ནས་རིག་པ་གང་།། དུག་ལྔ་སྤངས་ནས་ཡེ་ཤེས་གང་།། ཕུང་པོ་ལྔ་སྤངས་སྐུ་ལྔ་གང་།། སྒོ་ལྔ་སྤངས་ནས་ཟང་ཐལ་གང།
99b6 འབྱུང་ལྔ་སྤངས་ནས་ཞིང་ཁམས་གྲང་།། རྟོག་བཅག་སྤངདྲ་ནས་རྟོག་མེད་གང་།། སྤྲང་པོ་སྲུངས་ནས་རྒྱལ་པོ་གང་།། སེམས་ཅན་སྤངས་ནས་སངས་རྒྱས་གང་།། དེ་རྣམས་གདམས་པས་ཟིན་པ་ན།། དབྱེར་མེད་རང་གྲོལ་ཆོས་ལས་འདས།
99b7 ཞེས་གསུངས་སོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རྒྱལ་ཐབས་སྤྱི་གླགས་ཀྱི་དབང་གི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྦྲུལ་གྲུ་ཐུག་ཕྲད་དབང་བསྟན་པ།། དཔེར་ན་རལ




iiif viewer powered by OpenSeadragon

99a - 100a

Texts on this page

Gdg005.10 - lha rgyud dbang rin po che'i 'khor lo