e-texts navigator
Collection
Volume
Page
Wylie

98a1 བཀུར་གནས་ཀྱི་མཆོག། བདེན་པ་བཞིན་སྟོན་པའོ།། ད་ལ་ཏན་ཐོས་ཕྲག་རྒྱབཞི།། ཉིས་བཅུ་ལྔ་བཅུ་ལས་ཀྱི་ཕྱག་རྒྱ་ཡིན།། བདེན་བཞི་གཏན་ལ་འབེབས་པ་རྒྱས་ཀྱི་ཕྱག་ས་ཡིན།། གང་ཟག་བདག་མེད་དམ་ན་ག་ཕྱག་སུ་ར་ན།།
98a2 དགྲ་བཅོམ་འབྲས་བུ་ནམ་བདུན་ཕྱག་རྒྱ་ཆེན་པོ་ཡིན།། བྱང་ཆུབ་སེམས་དཔའི་ཕྱག་རྒྱ་ནི།། སྡོམ་པ་ཉི་ཤུ་བསྲུང་བ་ལས་རྒྱ་ཡིན།། ཕ་རོལ་ཕྱིན་དྲག་སྤྱོད་པ་ཆོས་རྒྱ་ཡིན།། ཆོས་རྣམས་རང་བཞིན་སྟོང་པད་མ་ཚིག་ཕྱག་རྒྱ་ཡིན།། ཐམས་ཅད་མཁྱེན་པ་ཐོབ་པ་ཕྲག
98a3 རྒྱ་ཆེན་པོ་ཡིན།། དག་པ་རྣམ་གསུམ་སྤྱོད་པ་ལས་ཀྱི་ཕྱག་རྒྱ་ཡིན།། རིགས་གསུམ་སྤྱན་འདྲེན་མཆོ་དང་སྟོད་ཆོས་ཀྱི་ཕྱག་རྒྱ་ཡིན།། ཉྫ་ཤ་སྒོག་བཙོང་བསྲུང་བ་དམ་ཚིག་ཕྱག་རྒྱ་ཡིན།། འབྲས་བུ་རིགས་གསུམ་བསླབ་པ་ཕྱག་རྒྱ་ཆེན་པོ་ཡིན།། བྱང་ཆུབ་ལམ
98a4 འཇུག་པ་ལས་ཀྱི་ཕྱག་རྒྱ་ཡིན།། སྐུ་ལྔ་བཞུ་བཏུལ་བྱེད་པ་ཆོས་ཀྱི་ཕྱག་རྒྱ་ཡིན།། དཀོར་གསུམ་མང་གསུམ་བསྟེན་པ་དམ་ཚིག་ཕྱག་རྒྱ་ཡིན།། སྐུ་ལྔ་མངོན་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་ཡིན།། བདུད་རྩི་ལྔ་ལ་སྤྱོད་ཅིང་སྦྱོར་སྒྲོལ་ལས་ཀྱི་ཕྱག་རྒྱ་ཡིན།། སྔགས་དང
98a5 ཕྱག་རྒྱ་ཆོས་ཀྱི་ཕྱག་རྒྱ་ཡིན།། ད་མ་ཆོག་ཉི་ཤུ་རྩ་བརྒྱད་བསྲུང་བ་དམ་ཆོག་ཕྲག། རྒྱ་ཡིན།། བཞི་བཅུ་དྷ་གཉིས་བསྒྲུབ་པ་ཕྱག་རྒྱ་ཆེན་པོ་ཡིན།། ཏིང་འཛིན་རྣམ་གསུམ་ད་མརྫས་ལྔ་སྟོང་ལས་ཀྱི་ཕྱག་རྒྱ་ཡིན།། ཀུན་བཟད་ཡབ་ཡུམ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ་ཡིན།
98a6 འདུ་འཇོ་རྒྱུན་མི་གཅོད་པ་དམ་ཚིག་ཕྱག་རྒྱ་ཡིན།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་ཡིན།། རོལ་པ་འགག་པ་མེད་པ་ཆོས་ཀྱི་ཕྱག་རྒྱ་ཡིན།། མཚན་ཉིད་སྐྱེ་བ་མེད་པ་ལས་ཀྱི་ཕྱག་རྒྱ་ཡིན།། ངོ་བོ་ཀློང་གྲོལ་དམ་ཚིག་ཕྱག་རྒྱ་ཡིན།། རང་བཞི
98a7 སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོ་ཡིན།། འགྲུ་བ་འགག་པ་མེད་པ་ལས་ཀྱི་ཕྱག་རྒྱ་ཡིན།། ཡེ་ཤེས་ཟང་ཐལ་ཤེས་པ་ཆོས་ཀྱི་ཕྱག་རྒྱ་ཡིན།། རིག་གནས་ཕྱི་ནང་མེད་པ་དམ་ཚིག་ཕྱག་རྒྱ་ཡིན།། ཆོས་ལས་འདས་པ་ཕྱགས་ཆེན་པོ་ཡིན།། ཞེས་གསུངས་སོ།།




iiif viewer powered by OpenSeadragon

97b - 98b

Texts on this page

Gdg005.9 - 'byung po kun 'dul zhes bya ba'i rgyud