e-texts navigator
Collection
Volume
Page
Wylie

97b1 ཀུན་འདུལ་གྱི་རྒྱུད་ལས། ལམ་ལྔ་ཁྱད་པར་བསྟན་པའི་ལངྒ་ས་ཉྫར་དག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྣ་ཆོས་ཀྱི་བླ་ཟས་ཉོན།། ས་དང་འངལ་ཕྱིན་པ་ནི།། གསུང་སྔགས་མཚན་ཉིད་མན་ངག་གསུམ།། དུ་ཡང་ཆད
97b2 པར་འདི་ལྟར་བསྟན།། དང་པོ་རབ་ཏུ་དགའ་བ་ནི།། སྦྱིན་པ་ཡི་ནི་ཕ་རོལ་ཕྱིན།། པདྨ་ཅན་གྱིས་ཞེས་བྱ་བ་དང་།། བླ་མའི་གདམས་ངག་ཐོབ་པའོ།། གཉིས་པ་དྲི་མ་མེད་པ་ནི།། ཚུལ་ཁྲིམས་ཕ་རོལ་ཕྱིན་པའོ།། རིག་པ་དྲི་མ་མེད་པ་རྡོ་སྤྲོད་ཡིན།།
97b3 གསུམ་པ་འོད་འཕྲོ་ཞེས་པ་ནི།། བཟོད་པའི་ཕ་རོལ་ཕྱིན་པའོ།། བཅུགསུ་མ་ཡི་ག་འཁོར་ལོ་ཚོགས་ཆེན་ཡིན།། སྐུ་གསུམ་དགོངས་པ་གཞན་དོན་བྱེད།། བཞི་པ་འོད་བྱེད་ཅེས་པ་ནི།། བརྩོན་འགྲུས་ཕ་རོལ་ཕྱིན་པའོ།། ཡི་གེ་ཚོགས་ཆེན་རྫོགས
97b4 པ་ཡིན།། སྐུ་གསུམ་གྱིས་ནི་གཞན་དོན་བྱེད་པ་ཡིན།། ལྔ་པ་སྦྱང་པར་དཀའ་བའི་ས།། བསུམ་གཏན་ཕ་རོལ་ཕྱིན་པའོ།། བཅོ་ལྔ་རྡོ་རྗེ་འཆང་གྲིས།། དབང་པོ་དམན་ལ་ངོ་སྤྲོད་བྱ།། དྲུག་པ་མངོན་དུ་གྱུར་པའི་ས།། ཤེས་རབ་ཕ་རོལ་ཕྱིན་པའོ།།
97b5 ངོ་སྤྲོད་པས་ནི་རྟག་པ་མངོན་དུ་གྱུར།། བདུན་པ་རིང་དུ་སོང་བའི་ས།། ཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན།། ཉན་ཐོས་སྤོང་བ་ཡིན་ཏེ་རིང་པའོ།། འདི་ཉིད་ལམ་དུ་བྱེད་པའོ།། བརྒྱད་པ་མི་གཡོ་བ་ཡིས།། སྨོན་ལམ་ཕ་རོལ་ཕྱིན་པའོ།། ཆོས་སུ་འགྱུར་བ
97b6 མེད་པར་རྟོགས།། དགུ་པོ་ལེགས་པའི་བློ་གྲོས་ས།། སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན།། ཀུན་ཏུ་བཟང་པོའི་དགོངས་པའོ།། བཅུ་པ་ཆོས་ཀྱི་སྤྲིན་གྱིས།། ཡེ་ཤེས་ཕ་རོལ་ཕྱིན་པའོ།། རྟོགས་པ་མངོན་དུ་གྱུར་པའོ།། བཅུ་གཅིག་ལ་ནི་འོད་དུ་འཆར།།
97b7 ཡེ་ཤེས་ཕ་རོལ་ཕྱིན་པའོ།། ཞེས་གསུངས་སོ།། འབྱུང་བ་ཀུན་འདུལ་གྱི་རྒྱུད་ལས། ས་གསུམ་སྤྱོད་ཀྱི་ལའུ་སྤྱི་སུམཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། ཕྱག་རྒྱ་བཞི་ཡོ་དོན་སྟོན་པ།། འགྲོ་བའི་བསྙེན




iiif viewer powered by OpenSeadragon

97a - 98a

Texts on this page

Gdg005.9 - 'byung po kun 'dul zhes bya ba'i rgyud