e-texts navigator
Collection
Volume
Page
Wylie

94a1 མིང་པ་སྐྱེ་ཁྱ་བས་འདྲ།། སྡུག་བསྔ་ལཚོང་པ་འཛེས་པ་འང།། རྣམ་རྟག་ཅད་དུས་ལམ་འདྲ།། འདད་པ་བླ་ཤའི་འོམ་འདྲ།། ཆགས་པ་བྱུལ་བླ་མར་ཤཱན་འདུ།། སྣང་བ་མམ་གྱི་དགྲ་དང་འདྲ།། རྣམ་རྟག་སྲོག་སུ་གས
94a2 འདྲ།། དེ་རྩེང་སྤྱད་ཤེས་གྱུར་ན།། རྫོགས་པ་ཆེན་པོ་ལམཆེན་ཡིན།། ཞེས་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། འོད་གསལ་འགོར་མ་ཕྱིར་ཟློག་ནང་ཟློག་གི་ལེའུ་སྟེ་ཉེ་བཞི་པའི།། ནས་ཡང་དག
94a3 པ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། དྲན་པ་བཞི་ཡིས་མ་བརྒྱན་ན།། འོད་གསལ་འཁོར་ལོ་བསྐོར་བ་དཀའ།། དེ་ཕྱིར་དྲན་པའི་ཐག་པས་གདགས།། མཆོག་པས་ནི་བསྐོར་ཐབས་མེད།། དེས་ན་དྲན་པའི་ཟག་པས་གདགས།། དེ་ལ་ངོ་སྤྲོད་བསྟན་པར་བྱ།།
94a4 ད་ལྟ་བར་དོ་གཉིས་སུ་བསྟན།། མན་ཤེལ་མེ་ལོང་གཉིས་པོ་ལ།། བཞི་ལ་རྒྱུ་རྐྱེན་འབྲས་བུ་གཞི།། ད་ལྟར་བར་དོ་སྦྱར་ལ་བསྟན།། ཐུགས་རྗེའི་འབྱུང་ལུགས་ངོ་སྤྲད་བསྟན།། ད་ལྟ་རང་ལ་ངོ་ལྡང་ན།། སྙིང་དང་མགྲིན་པ་མིག་དང་གསུམ།། ཆོས
94a5 ལོངས་སྐུ་སྦྲུལ་སྐུ་གསུམ།། སྐུ་རེ་ལའང་གསུམ་གསུམ་བསྟན།། ཐུགས་རྗེ་ཡས་བབས་སྐུ་གསུམ་དང་།། ང་ལོག་སྐུ་གསུམ་ཤེས་པར་བྱ།། རབ་ལ་བར་དོ་མེད་པ་ཡང་།། དུས་བཞི་མཉམ་སྦྱོར་དགོངས་པ་ཡིན།། བར་དོར་སྐུ་གསུམ་དྲན་པར་འགྱུར།།
94a6 འོད་དང་འགྱུ་བ་ཡིད་དང་གསུམ།། དགུ་ཕྲུག་ཤེས་པ་ངོ་སྤྲོད་དོ།། དེ་ཡིས་གྲོལ་བར་འགྱུར་བ་ཡིན།། དེ་ལས་གྲོལ་ནས་ཤར་བ་ནི།། མཆོག་གི་སྐུ་གསུམ་ཞེས་སུ་བཤད།། དེ་ཡི་སྤོང་མ་ཤེས་ན།། གདམས་པ་བསྟན་པ་སྐྱོན་དུ་འགྱུར།། ཐུགས
94a7 རྗེ་འབྱུང་བར་མ་ཤེས་ན།། ཉི་མ་འོད་དང་བྲལ་བ་ལྟར།། གཟུགས་སྐུ་གཉིས་པོ་འཆར་མི་འགྱུར།། གཟུགས་སྐུ་གཉིས་པོ་མ་ཤར་ན།། འགྲོ་དྲུག་སྟོན་པ་གང་ལས་འབྱུང་།། འདུ་དུས་ཐིམ་དུས་འཆར་དུས་དང་།། དེ་གཉིས་གྲོལ་བར་འདུས་དང་བཞི




iiif viewer powered by OpenSeadragon

93b - 94b

Texts on this page

Gdg005.9 - 'byung po kun 'dul zhes bya ba'i rgyud