| | e-texts navigator
|
93b1 རྩལ་འཁོར་ལོ་བསྐོར་ཤེས་ན།། ལོངས་སུའི་དགོངས་ཚད་འཆར་བར་འགྱུར།། དེ་ལ་དེ་བཞིན་དེ་ལྟར་རོ།། རུས་པའི་འཁོར་ལོ་བསྐོར་ཤེས་ན།། ཆོས་སྐུ་མངོན་དུ་འབྱུང་བར་འགྱུར།། དེ་ལ་ད་ལྟར་རིམ་བཞིན་ནོ།། དབྱེར་མེད་རང་བྱུང་འཇ
93b2 ལོ་བསྐོར།། སྒྲ་གསུམ་རང་གྲོལ་དགོངས་པ་འཆར།། ལྟ་བ་ཆོས་སྒྲ་མི་མཐོང་ཏེ།། དེ་དགོངས་འཆར་བའི་གནད་མེད་ན།། ཟླ་བ་མཚོན་ནས་བསྟན་པ་བཞིན།། ཡུལ་ཅན་དག་ལས་མ་ཤར་རོ།། དེ་ལ་གནས་པ་ཨ་རེ་ལཁྲམ།། ར་ཤཱར
93b3 ལྟ་བའི་གདེང་མི་རྙེད།། ཅེསྟེ་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཐེག་པ་རྒྱ་མཚོ་ལ་བློ་དང་འོད་གསལ་གཏན་ལ་དབབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། ། དེ་ནས་ཡང་དག་བཤད་བྷཱ་བ།། རྡོ་རྗེ་ཆོས་ཀྱི་བློ་གྲོས
93b4 མ་ལ་ན་ན།། དེདགས་པ་ལབ་རྒྱུན་།། རྣམས་ང་བྱུ་དྡྷ་།། འདོན་ཅིད་དང་ཡིན་པ་ཡིན། ངས་སྣང་བངས་ཡིན།། རྨུགས་པ་པ་དུ་། རིགས་པ་ཕྱིར་ཏེཀླགས
93b5 འདྲ།། ཟང་ཐལ་འགྲོ་ཏེ་ཐོག་དང་འདྲ།། རེག་པ་དང་དྲགས་འཁོར་ལོ་འདྲ།། དམིགས་པ་སྟ་རྡོ་སྤ་གྲྀ་འདྲ།། འགྲུབ་ན་དྲག་སྐར་མདའ་འདྲ།། འོད་གསལ་བྱིན་ནི་ཉི་མ་འདྲ།། དམིགས་པརྒྱ་ཆེནམ་མཁའ་འདྲ།། དགོངས་པ་གཏེང་ཟབ་རྒྱ་མཚོ་འདྲ།།
93b6 ཉམས་ལེན་བརྟན་དྲགས་གངས་རི་འདྲ།། དགོངས་པ་དོན་ཟབ་ཟ་འོག་གུར་ཁྱིམ་འདྲ།། སུ་གསུམ་ལམ་བདེ་ཉི་ཤར་འདྲ།། དེ་ལྟར་མ་རྟོགས་སྐྱོན་བསྟན་པ།། མ་རིག་མུན་ནག་འཐིབ་པ་འདྲ།། འགྲུབ་ཅེ་སྤྱང་ལག་པ་འདྲ།། གཟུང་འཛིན་གངས་ལ།
93b7 བབས་འདྲ།། བག་ཆགས་རྒྱ་མཚོའི་གཉེར་མ་འདྲ།། དུག་ལྡན་གས་ལ་མེ་ཤོར་འདྲ།། དགྲ་གཉེན་གྲམ་པའི་རྡོ་དང་འདྲ།། ཆགས་སྡང་ལམ་ཀའི་མགྲོན་པོ་འདྲ།། འཁྲུལ་པ་གཟི་ལུམ་བཟླས་པ་འདྲ།། འཁོར་བཟོ་ཆུའི་ཁྱད་མོ་འདྲ།། འགྲོ་འདུག
iiif viewer powered by OpenSeadragon
93a - 94a