| | e-texts navigator
|
91a1 བསྐུར་བས།། འབྱུང་པོ་ཀུན་གྱི་བློན་པོ་ཡིན།། དེ་ལ་སྤྱོད་མབྱས་ན།། འབྱུང་བ་ཀུན་ཚོམས་ཤིན་ཏུ་དཀའ།། འབྱུང་བྱ་ཚོམས་པར་མགྱུར་ན།། ར་སྙོམས་འབྱུང་བ་ཤིན་ཏུ་དཀའ།། ངོམ་སྙོམས་པར་གྱུར་པ་ན།། ས
91a2 རྒྱས་དགོངས་པའི་དོན་མི་མཐོང་།། འདྲེ་རྣམས་ཐམས་ཅད་འདུལ་བྱེད་ན།། འདྲེ་གཅིག་རྩ་བ་མཆོད་ན།། ཐམས་ཅད་འདུལ་བས་ག་ལ་ལང་།། གཅིག་ཆོད་པས་ནི་ཐམ་ལ་ཅད་ཆོད།། དཔེར་ན་དྲལ་གྲི་ཁ་མང་གིས།། ལག་པའི་མ་ཁྲིག་མཆོད་ཙམ་ན།། སོར
91a3 མོ་ལྔ་པོ་བཅད་མི་དགོས།། འབྱུང་པོའི་རྒྱལ་པོ་སོད་ཙན།། འབྱུང་པོ་ཐམས་ཅད་སོང་བ་ཡིན།། རྩ་ཡི་རྒྱལ་པོ་སྲོག་པ་རྩ།། སྲོག་པ་རྩ་དེ་མཆོད་ན།། རྩ་བྲན་ཆོད་ཀྱང་མི་འཆི་ཞིང་།། རྩ་ཆེན་ཆོད་པས་འཆི་བར་འགྱུར།། རོ་རྣམས་བསྙམ་པས་མི་སྙོམས་ཏེ།། འབྱུང་པོ་གཅིག་ལ་རོ་བསྙམ་ན།།
91a4 ཐམས་ཅད་མ་ལུས་བསྙམས་པ་ཡིན།། འབྱུང་པོ་རྣམ་རྟོག་ལྷ་དང་འདྲེ།། པ་ཉམས་རོ་སྙོམས་ཚད་དང་ལྡན།། འབྲས་བུ་གདེང་དང་ལྡན་པར་གྱིས།། རྩ་དང་རླུང་དང་ཐིག་ལེ་རྣམས།། གཞི་དང་ལམ་དང་འབྲས་བུ་ལ།། རོ་ལྟོམས་རོ་མ་སྙོམས་པ་དང་།།
91a5 ཚད་དང་དབང་པོ་འབྲས་བུ་རྣམས།། ངེས་ཤེས་གདེང་། དང་ལྡན་པར་གྱིས།། ནད་ལ་རྣམ་པ་མང་ཡང་ནི།། རྒས་བྱེད་འདྲེ་དང་འབྱུང་འཁྲུགས་ན་དེ།། རྣམ་སྨིན་རྐྱེན་གྱུར་འཆི་བའི་ནད།། དེ་ཡི་རོ་སྙོམས་ཚད་དང་ལྡན།། འབྲས་བུ་དེས་ཤེས་གདེང
91a6 ལྡན་པར་གྱིས།། འབྲེལ་བསམ་གྱིས་མི་ཁྱབ་སྟེ།། རྟོག་འདྲ་འབྱུང་འདྲེ་སྟོད་ཀྱི་འདྲེ།། མི་འདྲེ་དང་ནི་རྣམ་པ་བཞི།། དེ་ཡི་རོ་སྙོམས་རོ་སྙོམས་ཚད།། འབྲས་བུ་ངེས་ཤེས་གདེང་དང་དབང་པོ་མེད་གྱུར་ན།། རྣལ་འབྱོར་དོན་དང་ལྡན་ཞེས་བྱ་བ་ཤིན་ཏུ་དཀ
91a7 ཐམས་ཅད་མནང་གངོ་སྦེད་འདི་རུ་འདུས་པ་ཡིན།། སངས་རྒྱས་པ་དང་དེ་ཡི་ཐུགས་རྗེ་ཡང་།། འདི་ནི་མ་རྟོགས་གདེང་དང་མི་ལྡན་གྱིས།། འབྲས་བུ་གདེང་རྙེད་འདི་རུ་ཤེས་པར་གྱིས།། ཤེས་པས་འཁོར་བར་སྐྱེ་བའི་ཀུན་རྣམས་བཅད།། དེ་ལྟར་ཤེས་ན་ལ
iiif viewer powered by OpenSeadragon
90b - 91b