| | e-texts navigator
|
8b1 མ་དང་།། སྒྲོན་མ་མ་བཏེག་མུན་པ་སངས།། ཁམས་གསུམ་རྩ་བ་དེ་རུ་ཆོད།། སྲིད་གསུམ་ལོ་མདེ་རུ་ཆོད།། སྔ་མ་རྩི་མའི་བར་མཚམས་ཆོད།། སྲིད་པ་རྒྱས་ཐོབས་ཆོས་སྐུར་ཤར།། འཇིག་རྟེན་གསུམ་གྱི་ཟམ་པ་བརྒལ།། དབང་ཕྱུག་ཆེན་པོའི་མ་མར་ཐོབ།། ཚངས
8b2 པ་ཆེན་པོའི་མེ་ལོང་རྙེད།། དགའ་བོ་འཇོག་པོའི་རིན་ཆེན་ཐོབ།། དཀར་པོ་སྤྱན་གཅིག་ཤེལ་མཁར་ཐོབ།། ཧ་ནུ་པག་ཤུའི་རལ་གྲི་ཐོབ།། ནག་པོ་བཀྲག་མེད་ཁྲམ་པ་མཐོབ།། གནོད་སྦྱིན་ཀུན་ལ་ཁྲིད་ཀྱི་ཤེལ་སྐོང་ཐོབ།། གཤིན་རྗེའི་རྒྱལ་པོའི་ལྕགས་མཁར་ཐོབ།
8b3 སྲིད་པའི་རྒྱལ་མོའི་གཏེར་མཛོད་ཐོབ།། གསུང་མཆོག་དམར་པོའི་ཞགས་པ་ཐོབ།། ལྷ་སྲིན་སྡེ་བརྒྱད་སྲོག་རྩ་ཆོད།། ཆོས་འཁོར་སྐྱོང་བའི་རྒྱལ་བློན་འབངས་དང་གསུམ།། མ་ལུས་ལུས་པ་མེད་པའི་སྲོག་རྩ་ཆོད།། ལྷ་ཁང་ཞིག་པས་སྒོ་ལྕགས་སྟོར།། ལྡེ་མིག་ཚིག
8b4 བས་དབྱེ་རུ་མེད།། ཕ་སྤྱན་གཉིས་ཀྱིས་དམེ་བྱས་པས།། ཁམས་གསུམ་འཁོར་བའི་སྒོ་རྒྱན་བཅད།། རྣམ་པར་སྣང་མཛད་ཞིང་ཁམས་མཐོང་།། རྡོ་རྗེ་སེམས་དཔའི་མེ་ལོང་མཐོང་།། སྣང་བ་མཐའ་ཡས་ཞིང་ཁམས་མཐོང་།། རིན་ཆེན་འབྱུང་ལྡན་ཡོན་ཏན་མཐོང་།། དོན་ཡོད།།
8b5 གྲུབ་པའི་ཞིང་ཁམས་མཐོང་།། ཞེས་གསུངས་སོ།། ལྷ་ཆུད་རིན་པོ་ཆེ་སྲུངས་པ་ལས། འབྲས་བུ་རང་སའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་རྣམས་ཡོན་ཏན་བསྟན་པ་ནི།། ལྟ་བ་བསྟན
8b6 པས་ཆོས་སྐུ་ཐོབ།། སྒོམ་པ་བསྟན་པས་ལོངས་སུ་ཐོབ།། སྤྱོད་པ་བསྟན་པས་སྦྲུལ་སྐུ་ཐོབ།། འབྲས་བུ་བསྟན་པས་རང་གྲོལ་ཐོབ།། ལྟ་བས་དུག་ལྔ་ཞི་བར་བྱེད།། སྒོམས་པས་ཉོན་མོངས་ཞི་བར་བྱེད།། སྤྱོད་པས་འདྲེ་གདོན་ཞི་བར་བྱེད།། འབྲས་བུས་འདོད
8b7 ཁམས་ཞི་བར་བྱེད།། ད་ལྟ་བ་རྟོགས་པས་ཡེ་ཤེས་ཤར།། སྒོམ་པ་རྟོགས་པས་ཉམས་མྱོང་ཤར།། སྤྱོད་པ་རྟོགས་པས་ཐུག་ཕྲད་ཤར།། འབྲས་བུ་རྟོགས་པས་ཐིག་ལེ་ཤར།། ལྟ་བ་རང་གྲོལ་རིག་པའི་གནད།། ཡེ་ཤེས་ཟང་ཐལ་དབང་པོ་ཡིན།
iiif viewer powered by OpenSeadragon
8a - 9a