| | e-texts navigator
|
85b1 སྤྱོད་མཁའ་འགྲོ་མ།། སྙིང་གར་ཉམས་སུ་མྱོང་བས་ཆོས་སྐྱོང་མཁའ་འགྲོ་མ།། ལྟེ་བར་བདེ་བ་འཁྱིལ་བས་ལས་ཀྱི་མཁའ་འགྲོ་མ།། གསང་བར་བདེ་བ་འབར་བྱས་བདེ་སྐྱོང་མཁའ་འགྲོ་མ།། ནང་གི་རྩ་ཡི་རྒྱུད་ལ་མཁའ་འགྲོར་སྤྱོད་ཡིན།། མཁའ
85b2 འགྲོའི་ཚོགས་འཁོར་སྨིན་པར་བྱེད་ན་དེ་ལྟར་གྱིས།། མཆོད་རྫས་དམ་རྩས་མཐུན་རྫས་རང་ཆུས་ཡིན།། རྔ་དང་གཏོར་མར་ཀླུ་བདུད་རྩི་རྐང་གླིང་དེ་ཅི་དགོས།། མཁའ་འགྲོ་འབོད་པ་ཅི་དགོས་མཆོད་དང་བསྟོད་ཅི་དགོས།། ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ་ཅི
85b3 དགོས།། འདི་ནི་གསང་བ་ངེས་པའི་དོན།། ཞེས་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། གསང་བའི་ཚོགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཡང་དག་བཤད་བྱང།། ཉོན་ཆེག་རྡོ་རྗེ་ཆོས་ཀྱི་བློ་གྲོས
85b4 རྩ་ཡི་གནས་ལུགས་ངོ་སྤྱོད་བསྟན་པར་བྱ།། ཕོ་རྩེ་མོ་རྩ་མ་ནིང་རྩ་དང་ཚན་པོ་ཆེ།། དེ་ཡང་གཞི་དང་ལམ་དང་དངོས་པོ་རྣམས།། དེ་རྣམས་གཏན་ལ་ཕབ་པར་བྱ།། དང་པོར་སྐྱེ་བ་འབྱུང་བ་ནི།། དང་པོ་ལྷུན་གྲུབ་མ་འགགས་པར།། ཐུགས་རྗེ་འགག་པ་མེད
85b5 ལས།། འགྲུབ་རླུང་གིས་བསྐྱོད་ནས་ནི།། ལྡན་གྲུབ་རླུང་ཆེན་མ་འགགས་པས།། མ་ནིང་རྣམ་པ་གསུམ་དུ་འབྱུང་།། མ་ནིང་རླུང་གི་རྩལ་དྲག་པས།། དྲག་པོར་འགྱིས་ནས་འོད་ལ་བཅད།། ཐིག་ལེ་དཀར་དམར་འདུས་པ་ལས།། མཛོད་ཚོན་ཞེས
85b6 པའི་རྩ་རུ་འཁྱིའོ།། ཆུང་མ་རི་མ་ཀུན་འདང་མ།། དེ་ལ་དངོས་པོའི་རྩེ་རུ་འབྱུང་།། དངོས་པོའི་རྩ་ཡི་སྣང་བ་ཡང་།། རོ་རྒྱང་ཀུན་འདར་གསུམ་པོ་ལས།། པོརྞྞའི་སྣ་ནི་ཁ་ལ་ཟུག་ནས་ཁ་བྱེ་བས།། ཟླ་བ་རེ་ལེ་མཚན་མ་།། སྣ་ཡི་ནང་ནས་འབྱུང
85b7 ཇིག་ལེ་དེ་ལ་བྱས་པའི་རྩེ།། ཨ་ཝདྷ་ཏིའི་ནང་ནས་འབྱུང་།། བདེ་བ་འབྱུང་བ་དེ་ལྟར་ཡིན།། རྡོ་རྗེའི་རྩེ་མོར་རྩམ་དུ་གནས།། མོ་ཡེ་ཤེས་རབ་རྩལ་གྱིས་སུ།། ཟླ་མཚན་འཛག་ཅེས་བྱ་བ་ཡང་།། ཐིག་ལེ་ཨ་ཝརྞྞ་ཏི་ནས་སུ་འཛག། ཧྲི
iiif viewer powered by OpenSeadragon
85a - 86a