| | e-texts navigator
|
83b1 བར་གཅོད་དུས་གཅིག་ནི།། བདེ་སྡུག་གྷ་རྒྱུད་ཚད་པས་ལབར་བ་རངས་དགྲོལ།། ཐིག་ལེ་རང་ལ་ཤར་བས་མཐའ་བཞེ་དུས་ཐག་ཚད།། མེ་རྒྱ་གཉིས་ཀྱི་ཚ་གང་བསྙམས་པས་བརྗོ་བཕྲག་ཁང་མི་ལྟུང་།། ས་དང་རླུང་གཉིས་མཚན་ཉིད་ཤེས་པས་བྱེད་རྒོད་རང་སར
83b2 གྲོལ།། མཁའ་དང་འགྲུ་བའི་ཆོས་ཉིད་ཤེས་པས་དགོངས་པ་རྣམ་པར་དག། ནམ་ཤེས་འོད་གསལ་ཤེས་པས་བར་དོ་ཚད་ལས་སྤྲུལ།། རིག་པ་ཡེ་ཤེས་ཤེས་པས་མཁྱེན་པའི་ཞིང་ཁམས་འཆ་།། ཐིག་ལེ་ཡེ་ཤེས་ཤར་བས་སངས་རྒྱས་དགོངས་པ་ཤར།
83b3 འགྲུབ་ཟང་ཐལ་ཤར་བས་བྱིན་རླབས་ཕྱོགས་མེད་འཆར།། འགྲོ་དྲུག་རང་སར་གྲོལ་བས་སངས་རྒྱས་ཡུལ་མེད་འཆར།། འཁོར་བ་རང་སང་གྲོལ་བས་འགྲོ་དྲུག་འཁྱམས་ས་མེད།། སྣོད་བཅུད་ཕྱི་ནང་མེད་པས་གཟུང་འཛིན་དངས་ས་མེད།། རིག་པ་འོངན
83b4 ཤར་བས་མ་རིག་དངས་ས་མེད།། ཤེས་རའ་ཁོར་ནས་ཤར་བས་སྒྲིབ་པ་བྱུང་བ་མེད།། འགྱུ་བཟང་ཐལ་ཤར་བས་ལས་ཀྱི་འཁོལས་མེད།། དུག་ལྔ་དངས་དགྲོལ་བས་ཉོན་མོངས་སྐྱེས་མ་མེད།། གཟུང་འཛིན་དཀར་ནག་གྲོལ་བས་ཤེས་བྱའི་སྒྲིབ་པ་མེད།
83b5 ས་། ག་སུ
83b6 པའི་རྩ་བཚང་ཅན།། ལོ་མ་མི་ཏོག་འབྲས་ལྡན་བསྐམ་པར་འགྱུར།། དེ་བཞིན་སྒྲིབ་པའི་རྩ་བ་ཡིན་པར་ཤེས་པཱ་ལ།། འགྱུ་བ་ཤེས་པས་གོང་ལྟར་ཐམས་ཅད་ཆོད།། རྩུ་བ་གཅིག་གི་དོན་རྟོགས་ན།། དཔེར་ན་ཛཱ་ཏའི་སྨན་བཞིན་དུ།། གང་ལ་རེག་པ་སྔོན
83b7 འགྱུར།། དེ་བཞིན་ཅིང་སྣང་ཅིར་འགྲུས་ཡང་།། ཡེ་ཤེས་དག་ལ་འདས་པ་ནི།། སྐད་ཅིག་ཙམ་ཡང་མེ་སྲིདདེ།། དབང་པོ་བསམ་པ་དང་སྦྱར་དུ།། འགྲུ་བ་གཅིག་པོའི་སྤྱི་ཁྱབ་ཡིན།། ཁྱབ་པ་གཅིག་པོའི་དོན་ཤིས་ན།། ཐམས་ཅད་སངས་རྒྱསཛིན
iiif viewer powered by OpenSeadragon
83a - 84a