e-texts navigator
Collection
Volume
Page
Wylie

83a1 བྱ་བར་སྐྱེས།། དེའི་དཔོན་པ་དབང་ཕྱུག་ཅན་མ་བྷ་ཅན་པ་དང་དས།། ལྷར་ཅིག་སྐྱེས་པས་སྣདས་པན།། ཝཱ་ཡི་སྐྱེས་དགྲམ་ཤེས་ནཱ།། གྷའ་མསྤྱོད་པ་འབྲལ་མི་ཤེས།། ལྷ་ནི་མཆོད་ཐབ་སམ་ནས་ན།། ག་ང་དུ
83a2 འཐོབ་མི་འགྱུར།། འདྲེ་ནི་འབྱུང་པོ་སྲིན་པོ་དང་།། ཉི་མ་ཟླང་ཁྱབ་འཛུག་ཚངས་པ་དང་།། གཤིན་རྗེ་དང་ནི་མ་མོ་དང་།། ས་ཡ~ཾ་ལྷ་དང་ཆུ་གྷ་མེ་གྷམྨ་ག~ཾ་གྷ།། ཀུ་བེ་དཱའི་ལྷ་དང་། འབྲོག་གནས་སྒྲ་དང་། གང་བ་བཟང་པོ་ལྷ་དང་། ནོར་གྱི་ལྷ་བརྒྱད། དོན་ནོར་གྱི་ལྷ་བརྒྱང
83a3 ནོ།། ལྷན་ཅིག་སྐྱེས་པའི་འདྲེ་དགུ་པོ།། དེ་ཡི་བཅོས་ཐབས་མ་ཤེས་ན།། བར་རྗོད་སེལ་བའི་དུས་མི་མཆེ།། དེ་ལ་དང་པོ་པར་དང་ཐམ་གསུམ།། དེ་གསུམ་པོ་སྣོང་མ་ཤེས་ན།། རྣམ་རྟོག་རང་ཀྲོལ་དུས་མི་མཆེ།། ཀྱེ་རིགས་ཀྱི་བུ་བྷྱོར་ཉོན་ལ།། གསུང་བའི་སྟེང་ག།
83a4 གཅོད་ནི།། སྐྱེ་གཞིའི་རྫབ་མཆོད་ན།། རྒྱ་མཚོའི་ལྷ་བསྲུབ་པ་འདྲ།། སྐྱེ་དགུའི་རྩ་བ་མཆོད་ནི།། ཆུ་གཏིང་ཟླ་བར་རྡོ་བརྡེག་འདྲ།། དངོས་པོའི་སྐྱེ་རྒྱུད་མཆོད་ན།། སྨྱོན་པའི་ལག་དུ་སྨན་འགྱེད་འདྲ།། གཞི་ལམ་སྐྱེ་རྒྱུད་གཅོད་པ་ལ།། དགང་པོ་འཇོག་པོའི་ནོར
83a5 བུ་ལྟར།། དུག་ལ་མི་འཇིགས་ནོར་བུ་རྙེད་པ་ལྟར།། དངོས་པོ་སྤང་དང་སྨྱུད་པ་དང་།། བསྒྱུར་དང་རང་སྣང་ཡིན་ཟེར་བ།། དེ་ཡི་འབྲས་བུ་སྒྲིབ་པ་ཡིན།། ཀྱེ་རིགས་ཀྱི་བུ་ནོན་ཅིག། འགྱུས་ནི་རང་གྲོལ་ཟུང་འཇུག་མེད།། ལྷ་བརྒྱད་དོ་སྤྲོད་དེ་ཡིན་ནོ།། འགྱུས་ནམ
83a6 རིག་བདུད་དུ་འབྱུང་།། འགྱུ་བ་གཅིག་གི་རྩད་ཆོད་ན།། ཚིག་ཆོད་ངོ་སྤྲོད་དེ་ཡིན་ནོ།། གཅིག་པོ་རང་གྲོལ་ཤེས་ཙམ་ན།། ལྷ་འདྲེ་དབང་དུ་འདུས་པས་འབྱུང་པོ་ཐུལ།། མཁའ་འགྲོ་ཆོས་སྐྱོད་དབང་དུ་འདུས་པས་འབྱུང་པོ་ཐུལ།། ཉག་གཅིག་ཉམས་ལས
83a7 གྲོལ་བ་རྟོག་གེའི་ཡུལ་ལས་འདས།། མཚོན་མ་སྣ་ཚོགས་རང་སར་གྲོལ་བས་ཐིག་ལེ་ཉག་གཅིག་རང་ལ་འཆར།། ལྷ་འདྲི་གཉིས་མེད་ཤར་བས་དངོས་གྲུབ་པར་ཚད་མེད།། ལྷ་ཡི་སྐྱེ་རྒྱུད་ཆོད་པས་ཟུག་རྔུ་དུས་གཅིག་ཆོམས།། འདྲེ་ཡི་སྐྱེ་ཆུང་ཆོད་པས




iiif viewer powered by OpenSeadragon

82b - 83b

Texts on this page

Gdg005.9 - 'byung po kun 'dul zhes bya ba'i rgyud