e-texts navigator
Collection
Volume
Page
Wylie

82b1 གོ་ལས་དངོས་པོ་མཐའ་བཅས་རྣམས།། གོལ་གཞི་གོ་ལས་མ་ཤེས་ན།། ཐེག་པ་སྤྱི་ལས་བོགས་མི་རྔོན།། སུན་འདོན་ལ་བརྣམ་ཤེས་ན།། ཐེག་པའི་ལ་ཤན་རིས་མི་བྱེད།། དེ་སྤྲོད་ངངས་མ་བསྟནན།། འབྲས་བསྒྲ་ཡི་གོ་ལ་སར་འཆར།། གེགས་དང་སེལ
82b2 ལུགས་མ་ཤེས་ན།། སྤྲེའུ་རྒན་མ་རུའ་ཆོས་པ་འདྲ།། ལྟ་བའི་གོལ་སྒྲིབ་མ་ཆད་ན།། བོང་བུ་སེང་ལྤགས་གྱོན་པ་འདྲ།། བསྒོམ་པའི་གྲོལ་སྒྲིབ་མཆོད་ན།། སྤྲེའུ་ལ་བསྒོམ་པ་བསླབས་པ་འདྲ།། སྟོད་པའི་གོལ་སྒྲིབ་མཆོད་ན།། རྒོད་པོ་གཤོགས་ཆག་པ་འདྲ།
82b3 འབྲས་བུའི་གོལ་སྒྲིབ་མཆོད་ན།། ཉི་མ་གཟའ་ཡིས་བཟུང་བ་འདྲ།། ཐམས་ཅད་དོ་སྤྲོད་མ་ཤེས་ན།། ནོར་བུ་མཆིང་བུ་ཐོགས་པ་འདྲ།། དངོས་པོ་རྩད་ནས་མཆོད་ན།། ཉན་ཐོས་ལ་སོགས་རང་གཞུང་རེ།། ང་ཡི་མཚན་མ་མ་གྲོལ་ན།། གྲཝང་ནད་ཅན་ལ་ག་པུར་ལྟར།།
82b4 རང་སྣང་ཡེ་ཤེས་བདུད་དུ་འགྱུར།། ཕྱོགས་རྟོགས་རྟོག་པས་ཟིན་པ་ནི།། ཁ་བྲག་ལམ་མདོར་ཚོགས་པ་འདྲ།། དེས་ན་ངོ་སྤྲོད་ཤིན་ཏུ་གཅེས།། ནང་གི་སྐྱེ་དགུ་རྩད་གཅོད་ན།། ཐེག་པའི་གོ་ལཱས་ཤེས་པ་ངོ་སྤྱོད་ཡིན།། ཐེག་པའི་གྲོལ་གཞི་ཤེས་པ་གདམས
82b5 ངག་ཡིན།། ཐེག་པ་སུན་འདོན་ཤེས་པ་དབང་པོ་ཡིན།། ཐེག་པའི་ལ་བཟླ་ཤེས་པ་ཡིད་ཆེས་ཡིན།། ཐེག་པའི་ཇི་སྤྲོད་རང་གྲོལ་ཤེས་པ་ངེས་ཤེས་ཡིན།། ཐིག་ལེ་གཅིག་ཏུ་ཤེས་པ་འབྲས་བུ་ཡིན།། ཞེས་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་དྲུང
82b6 ལས། ནང་གི་སྐྱེ་དགུ་རྩད་ནས་བཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། གསང་བའི་སྐྱེ་དགུ་རྩད་ནས་གཅད་པ་བསྟན་པར་བྱ།། ཀུན་གཞི་སྐྱེ་བོ་དགུ་པའི་བདག། རྣམ་པར
82b7 ཤེས་པའི་ཚོགས་བརྒྱད་ལ།། སྐྱེ་ལུགས་མེ་འདྲ་རྣམ་པ་བརྒྱད།། བརྒྱད་ཀྱི་དཔོན་པོར་གྱུར་པ་ཡིན།། དེ་སྐྱེ་བ་དང་དགུ་ཞེས་བྱ།། དེ་ལ་གཞི་དང་ལམ་དང་ནི།། འབྲས་བུ་དངོས་པོ་དག་ཏུ་སྤྲིན།། གབདོ་སྤྲོད་བསྟན་པ་ནི།། ལྷ་ཡི་ངོ་སྦྲིད་སྐྱེ་བ་དགུ།། ནོར་ལྷ་བརྒྱད་ཅེས




iiif viewer powered by OpenSeadragon

82a - 83a

Texts on this page

Gdg005.9 - 'byung po kun 'dul zhes bya ba'i rgyud