| | e-texts navigator
|
81a1 དཔོན་ཡིན།། འདྲེན་པ་རང་རྒྱལ་སློབ་དཔོན་ཡིན།། ཚོགས་ཀྱི་སྐྱོབ་དཔོན་ཚོགས་ཀྱི་བདག། དེ་ནས་ཚིག་དཔུང་རྒྱས་བཏབ་པས།། རྡོ་ཇི་ལྟ་བུའི་སྐུ་བརྙེས་པས།། གཅིག་པུ་ས་མཁྲེགས་རྡོ་རྗེའི་བདག། སྐྱེས་མ་ཐག་ཏུ་རང་གྲོལ་འས།
81a2 རྗེ་སློབ་དཔོན་ཞེས་སུ་བརྗོད།། དབང་བཞི་རྫོགས་པའི་སློབ་དཔོན་དེ།། རྡོ་རྗེ་སློབ་དཔོན་ཞེས་བརྗོད་དོ།། རྡོ་རྗེའི་གདན་ནི་མ་ལུས་ལྡན།། རྡོ་རྗེ་གཅིག་པུས་གཡུས་སེལ་བས།། སྐྱོབ་དཔོན་དཔའ་བོ་ཆེ་ཞེས་བརྗོད།། ཆོ་ག་དབང་གཅིག་ལ་ཐམས་ཅད་རྫོགས།། རང་རིག
81a3 ཡེ་ཤེས་མ་བཅོས་པས།། རྣལ་འབྱོར་ཞེས་ཀྱང་དེ་ལ་བྱ།། དོན་ལྡན་གྲོལ་འབྱོར་པ་ཡིས།། རྣལ་འབྱོར་ཆེན་པོ་ཞེས་ཀྱང་བྱ།། ཆོས་སྐུ་མི་འགྱུར་རྟག་པའི་སྐུ།། དུས་གསུམ་འཕོ་འགྱུར་མེད་པར་ཤེས།། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན།། གསང་བ་མངོན་དུ་ཕྱུང་ནས་བསྟན།
81a4 གསང་བ་སྦས་པའི་ཁུངས་བརྟོལ་བས།། བླམས་དབང་བཞི་བསྐུར་བས་ན།། བླ་མ་གསང་སྔགས་ཀུན་པས་མཆོག། ཅེས་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལུས། ཚིག་དབང་བླ་མ་ལ་དག་སྨྲས་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་དག།
81a5 བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་གྱོད།། གསང་སྔགས་བླ་མའི་ཐུགས་ལགནས།། གསང་སྔགས་དོན་ཀུན་སྐྱེད་པ་པོ།། གསང་སྔགས་བདག་པོ་སྟེ་ཚོགས་སྟོན། ཁྱོད་ནི་རྗེ་གཅིག་ཡིད་ཀྱིས་ཉོར།། གནས་བརྟན་རྒན་པོ་སྐྱེ་དགུའི་བདག། སངས་རྒྱས
81a6 རབས་བདུན་དོ་ཟླའོ།། དེ་ཡི་དགོངས་པ་བཤད་པར་བྱ།། ལྡེམ་པོར་དགོངས་པ་རྣམ་པ་བཞི།། གཞི་ལ་ལྡེ་མ་དང་ཆོག་ལ་ལྡེམ།། དོན་ལ་ལྡེམ་དང་གནོད་ལ་ལྡེམ།། ལྡེམ་དགོངས་བསྒོམ་རྩ་མཆོད་ན།། འཁྲུལ་འཁོར་མོངས་པ་ཉོན་མོངས།། ཀྱེ་རིགས་ཀྱི་བུ་ཉོན་ཅིག
81a7 ཐོག་མ་མེད་པ་དུས་ཀྱི་དབྱིངས།། དངོས་གཞི་ཆེན་པོ་ཀུན་གཞི་ལ།། གཞི་ལ་ཕུན་ཚོགས་གནད་མེད་ན།། སྟོན་པས་བསྟེན་པ་འདུས་བྱས་འགྱུར།། བཀའ་ཚོམས་གགས་ཀྱི། ནད་མེད་ན།། ཀུན་བརྟགས་ཐེག་པ་རང་གཞུང་གྲོལ།། འབྲས་བུ་མི་འདྲ་ངེས་ཤེས་མེད།
iiif viewer powered by OpenSeadragon
80b - 81b