| | e-texts navigator
|
79a1 རྟོགཔ་མེད་པ་དང་།། བདུད་རྩ་ཡོངས་སྲུང་གྲོགས་སུ་ཤེས་པ་དང་།། རྔན་དང་བྲམ་རྫོག་ཏུ་བདག་འཁྱལ་གྱི།། ངག་གི་སྒྲིབ་པ་དག་པར་བྱང་།། གསང་བར་ཐམ་པ་རང་ལུས་ཀྱི།། ཐམ་རྫས་ལྷག་པ་བྱང་ཆུབ་སེམས།། བཟུང་ཐབས་ཡུར
79a2 ཀྱི་བྷག་པ།། བསྲུར་བའི་རྟེན་ནི་རྫ་གསུམ་སྟེ།། ཡོན་ཏན་གཟུང་འཛིན་བདེ་བར་འབར།། དུས་ནི་སྙོམས་པར་ཞུགས་པ་ཡིན།། འབྲས་བུ་དགའ་བདེ་ལྷན་ཅིག་སྐྱེས་པའོ།། ཡང་གསང་བུམ་པའི་དབང་བསྲུང་བ།། རང་རིག་ཡེ་ཤེས་བུམ་པ་ཡིན།། ཐམ་རྫས་འདས་པ་རྣམ་པཉྫ
79a3 བསྐུར་ཐབས་ཆོས་ལས་འདས་པ་ཡིན།། རྟེན་ནི་བློ་ལྡན་གང་ཟག་ཡིན།། ཡོན་ཏན་དང་གྲོལ་བྱིན་རླབས་འཆར།། དུས་ནི་གདམས་པ་སྐད་ཅིག་ཡིན།། འབྲས་བུ་རིག་པ་དང་གྲོལ་ཡིན།། དེ་ལ་དཀྱིལ་འཁོར་གང་དང་འབྲེལ་ཅེ་ན།། ཕྱི་ཡི་བུམ་པའི་དཀྱིལ་འཁོར་ནི།། མེ་ཏོག
79a4 ཐང་ཀ་རྡུལ་ཚོན་ནོ།། བསྐུར་ཚུལ་གང་དང་འབྲེལ་ཧེ་ན།། སློབ་དཔོན་བླ་མར་གུས་བྱ་ཡི།། ཆུ་ནི་སྤྱི་བོའི་གཙུག་ཏུ་བསྐུར།། རྣ་བ་གཡས་སུ་དབུ་རྒྱན་ནོ།། ལྷག་པར་རྡོ་རྗེ་རྣ་གཡོན་དྲིལ།། མིང་ནི་དཔྲལ་བར་བསྐུར་བ་ཡིན།། མེ་ཏོག་ཕྲང་བ་མགོ་ལ་བཅིངས།། ཤེས་རབ
79a5 རིག་པའི་དབང་ལྔ་ཡིན།། སྲས་ཀྱི་སྒྲིབ་པ་འདག་པར་བྱེད།། ཅེས་གསུངས་ས།། འབྱུང་པོ་དྲན་དུལ་གྱི་རྒྱུད་ལས། བྲམ་པའི་དབང་གི་ལེའུ་སྐྱེ་ལཱ་པ་།། ། དེ་ནས་ཡང་དག་བཤད་བྱབ།། ཉོན་ཅིག་རྡོ་རྗེ་ནས་ཀྱིག་སྨོས་ཛྙཱད།། ཐབས་དང་ཞེས་དབང་བང
79a6 བསྐུར་བསྟན་པར་བྱ།། ཐབས་དང་ཤེས་རབ་ལྡན་པས་བུམ་པའོ།། ཐབས་ཀྱི་བུམ་པ་བླ་མ་ཡིན།། ཏིང་འཛིན་བྱང་ཆུབ་སེམས་ཀྱི་ཆུ།། བླ་མའི་ཁ་ཡིས་པདྨ་བླངས།། སློབ་མའི་ཚངས་པའི་བུ་གར་བསྦྱར།། ག་པུང་ཆུ་ཡི་བདུད་རྩིས་ནི།། ལུས་ཀྱི་སྒྲིབ་པ་འདག་པར་བྱེད
79a7 ཤེས་རབ་བུམ་པ་མི་མོ་ཡི།། ལུས་ཀྱི་པདྨར་ཀྵེ་ཡིན།། གསང་བ་པདྨའི་སྦྱོར་བ་ཡིས།། གསང་བའི་བདུད་རྩི་ཕབ་བྱས་ལ།། ཐབས་ཀྱིས་རྡོ་རྗེའི་ངག་དག་བྱེད།། བསྐུར་གནས་པདྨའི་ལྟེ་བ་ལ།། བསྐུར་དུས་ལྷག་ཅིག་སྨྱོས་པའོ།། ཡོན་ཏན་རྣམ་རྟོག་བདེ་བར་འབ
iiif viewer powered by OpenSeadragon
78b - 79b