e-texts navigator
Collection
Volume
Page
Wylie

78b1 སྱཱ་དང་པོ་བྱེའའོ།། བསྒྱུར་ཐབས་གནས་དང་རྫས་དང་ནི།། གླེང་གཉི་དཀྱིལ་འབོར་བསྐུར་བའི་དུས།། འབྲས་བུད་དུ་ན་ངས་པའི་ཆོག། གྷ་ནི་ས་ཆོག་ལ་སོགསས་བསླང་དང་།། བརྟག་དང་སྦྲང་དང་བྲི་བ་དང་།། མཆོད་པའི་རྫས་དང་ཀུན་དགྲམ་པ།། དཀྱིལ་འཛར
78b2 ཆོ་ག་ལ་སོགས་ཡིན།། ངོ་བོ་དབང་ཐོབ་དོན་དང་ལྡན།། ངེས་ཚིག་དོན་ལྡན་རྣལ་འབྱོར་པོས།། དབྱེ་བ་ཕྱི་ནང་གསང་བའོ།། གླེང་གཞི་སྔོན་བྱུང་རྗེས་འཇུག་གོ།། དཀྱིལ་འཁོར་ཕྱི་ནང་ཀུན་ལ་སྣང་།། བསྐུར་ཐབས་བསྐྱེད་རིམ་རྫོགས་རིམ་མོ།། གནས་ནི་ལུས་ངག
78b3 ཡིད་གསུམ་མོ།། རྫས་ནི་བུམ་པ་ཐབས་དང་གསང་བའོ།། དུས་ནི་བཀྲ་ཤིས་ཉི་མ་ཡིན།། འབྲས་བུ་སྒྲ་གསུམ་རང་སྒྲོལ་ཡིན།། ཞེས་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། དབང་གི་སྡོམ་བསྟན་པའི་ལེའུ་སྟེ་བཞི་པའོ།།
78b4 དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། བུམ་པའི་དབང་གི་ངོ་སྤོང་བ།། བུམ་པའི་ངོ་བོ་ངས་ཚིག་དབྱེ་བ་དང་།། མཐུན་པའི་དཔེ་དང་བསྐུར་བའི་གནས།། བསྐུར་བའི་རྫས་དང་དུས་ཚོད་དང་།། ཡོན་ཏན་འབྲས་བུ་སྐྱོན་བསྟན་པ།། བུམ་པའི་ང
78b5 འདུས་པ་ཡིན།། ངེས་པའི་ཚིག་ནི་རྫོགས་པ་ཡིན།། དབྱེ་བ་ཕྱི་ནང་གསང་བའོ།། མཐུན་པའི་དཔེ་ནི་རིན་པོ་ཆེ།། བསྲུང་བའི་གནས་ནི་མགོ་བོ་ལ།། རྫས་ནི་ཕྱི་ནང་གསུང་བའོ།། དུས་ནི་གནམ་སྐྱོང་ཉི་མ་ལ།། ཡོན་ཏན་ལུས་ཀྱི་སྒྲིབ་གསུམ་དག། སྲོག་གཅོང་མ་སྦྱིན
78b6 འདོད་ལོག་དག། འབྲས་བུ་སྦལ་པའི་སྐུ་རུ་རྫོགས།། མ་བསྐུར་ཁམས་གསུམ་འཁོར་བར་འཁྱམས།། ཕྱི་ཡི་བུམ་པ་རིན་ཆེན་དང་།། བུམ་པའི་རྫས་ནི་འདི་དག་གོ།། འབྲུ་ལྔ་སྨན་ལྔ་རིན་ཆེན་ལྔ།། སྤོས་ལྔ་སྙིང་པོ་རྣམ་ལྔ་ཡིན།། བསྐུར་གནས་ལ་སོགས་གོང
78b7 དུའོ།། ནང་གི་བུམ་པ་ཐ་མའི་སྐུ།། བདུད་རྩི་ལ་སོགས་ལུས་ལ་རྫོགས།། བསྐུར་བའི་གནས་ནི་ལྕེ་ལའོ།། རྫས་ནི་བདུན་རྩི་འོམ་ཆུ།། དུས་ནི་བསྐྱེད་རིམ་བསྒོམ་པའི་དུས།། ཡོན་ཏན་དག་གི་སྒྲིབ་པདག། བདུད་རྩི་སྩོ་ལ་བཞག་པའོ།། དགོས་པ་ཐམས




iiif viewer powered by OpenSeadragon

78a - 79a

Texts on this page

Gdg005.9 - 'byung po kun 'dul zhes bya ba'i rgyud