| | e-texts navigator
|
77a1 ལག་ལེན་ཉམས་ཆེན་འཕེལ་འགྲིབ་མེད།། དོན་གྱི་ཁོང་གཟེར་གནད་དྲ་ཐབས།། འཇིག་རྟེན་སྣང་བ་སངས་རྒྱས་ཡིན།། ཉོན་མོངས་པ་སྣང་དགྲ་བཅོམ་ཡིན།། འཇིག་རྟེན་རྣམ་རྟོག་ཤེས་རབ་ཏུ།། ཤེས་རབ་རྒྱ་བརྟོགས་པ་ཡིན།།
77a2 རྟོག་མེད་ཤེས་རབ་ཚད་མ་གང་།། ཤེས་རབ་རྟགས་ཀྱིས་རབ་བརྒྱན་ན།། ལངས་ལ་རྒྱས་པ་མེད་ཅིང་ཆོས་ལ་སྤྱོད་པ་མེད།། དགྲ་བཅོམ་དང་སྐལ་བྱང་ཆུབ་སེམས་དཔའ་མེད།། གང་ཟག་རྣམ་པཅད་མེད་ཅིང་བར་ད་ལས་དབང་མེད།། འཁོར་བ་མྱང་འདས་མེད་ཅི་།
77a3 ཐར་པ་ཐོབ་མཁན་མེད།། དྲག་དང་མ་དག་ཡང་དག་སྣང་བ་ཐ་དད་མེད།། ལས་མེད་འཕྲོ་མེད་མཐུང་པའི་འབྲས་བུ་མེད།། རྣམ་པར་སྨིན་པ་མེད་ཅིང་ཡང་དག་ཐར་པ་མེད།། དེ་གྱིར་འབྱུང་པོ་ཀུན་འདུལ་ཡིན།། ཐམས་ཅད་འབྲེལ་ཤིང་འདུལ་བའི་རྒྱུད།། ངོ་སྤོང
77a4 འདི་དང་མི་ལྡན་ན།། ཚིག་གི་བདག་པོས་མཚོན་ནས་ལས།། སྟོང་པའི་བདག་པོས་སྟོང་པར་བལྟས།། མཚན་མའི་བདག་པོས་མཚན་མར་ཁྱེར།། ཀུན་རྫོབ་བདག་པོས་རྫོབ་ཏུ་བཅུག། མྱ་ངན་འདས་ཟེར་མྱ་ངན་ནོན།། འཁོར་བ་བཤད་ཅིང་འཁོར་བར་འཁྱམ
77a5 འཁྲུལ་འཁོར་བདག་པོ་ཉོན་རོ་མོངས།། ཐར་པ་འདོད་པ་སྒྲིབ་པ་ཆེ།། བྱང་ཆུབ་འདོད་པས་གོལསར་ཆུད།། ཆོས་སྤྱོད་བྱེད་པ་ལདུབ་ཆེ།། དམིགས་པའི་བདུད་ཞུགས་མཚོར་རོ།། བྱས་པརྦ་མྦ་ཅད་མི་རྟག་འདུས་བྱས་ཡིན།། འདུས་བྱས་མྱ་ངན་མཐའ་ལས་འདས།
77a6 ཨེ་མེ་ཧོ།། བགྲོད་པར་འདོད་པ་ཉོན་རེ་མོངས།། དེ་ལྟར་བགྲོད་པས་དེ་ལྟར་མི་རྟོགས་སོ།། བགྲོད་ནས་བྱང་ཆུབ་འདོད་པ་སྨིག་རྒྱར་བསྙེག་པ་འདྲ།། གསེར་སྦ་མ་ཁྲིམ་དུ་སྨྲས་ནས་གསེརས་འཚོལ།། ཆོས་ཉིད་རང་སྣང་མ་ཤེས་གཞན་ལ་འཆོལ།། བརྩོན
77a7 འགྲུས་བྱས་པས་འབྲས་བུ་རྙེད་པར་དཀའ།། ཞེས་གསུངས་སོ།། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལས། ཀུན་ཏུ་བཟང་པོ་ལ་བྱིན་རླབས་རང་ལ་ཤར་ནས། མྱོས་ལས་འདས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་བྱིན་གྱིས་རླངས་ཀྱིས་ལུང་བསྟན་པ།
iiif viewer powered by OpenSeadragon
76b - 77b