| | e-texts navigator
|
74a1 དེ་ཡི་ལུང་བླངས་དེ་དང་ལྡན།། ལུང་བླངས་ཟབ་མོའི་རྒྱུད་དུ་ཐུང་།། ཚོགས་ཆུང་བར་ནི་དོན་གཅིག་བསྤྱན།། མན་ངག་ཟབ་མོའི་རྒྱུད་དུ་ཟུང་།། དེ་ལ་དེ་བསྟན་དེ་ཡང་ཐོན།། ཐོབ་པ་གཅིག་པ་རྫ
74a2 རྒྱད་དུ་ཟུང་།། གནས་ཀྱི་དང་པོའི་འོག་མིན་དུ།། མཁའ་འགྲོ་དྲག་མོ་ཁྱོད་ཀྱི་ཞུས།། མ་རྒྱུད་མ་མོའི་རྒྱུད་དུ་ཟུང་།། ཐམས་ཅད་སྙིང་པོའི་མ་ལས་གཅིག། ཐམས་ཅད་གཅིག་པའི་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། སྙིང
74a3 པ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། དཔེ་དང་རྒྱུད་ཀྱི་མཚན་དོན་དུ་བཀྲོལ་བའི་ལེའུ་སྟྭཾ་ཉེར་གཉིས་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་མཁའ་འགྲོའི་མ་ཚོགས་ཁྱེད།། བྱིན་གྱིས
74a4 བརླབས་ཀྱི་རྒྱུད་འདི་ཟུང་།། ཕྱིར་བས་རྣལ་འབྱོར་ལས་ཅན་ལ།། སྙིང་པོ་དོན་གྱི་ཚིག་རྒྱུད་འདི།། ཕ་རོལ་ཕྱིན་དྲུག་སྙིང་པོར་བསྟན།། སྙིང་པོའི་དོན་ཤེས་ཤེས་རབ་མཆོག། ཤེས་རབ་ཕ་རོལ་ཕྱིན་པར་སྨོས།། དེ་ཡི་དོན་ལ
74a5 གཡེངས་པ་མེད།། བསམ་གཏན་ཕ་རོལ་ཕྱིན་པར་སྤྲོས།། རྣལ་འབྱོར་སྙིང་པོའི་ཚུལ་དང་ལྡན།། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་སྨྲོས།། དེ་རྟོགས་བདེ་སྡུག་གང་ཡང་བཟོད།། བཟོད་པའི་ཕ་རོལ་ཕྱིན་པར་སྤྲོས།། སྙིང་པོ་ཟབ་མོ
74a6 དེ་སྦྱིན་པ།། སྦྱིན་པའི་ཕ་རོལ་ཕྱིན་པར་སྨྲོས།། དོན་ལ་གཞན་དོན་དེ་ལོངས་བརྩོན།། བརྩོན་འགྲུས་ཕ་རོལ་ཕྱིན་པར་སྤྲོས།། ཕ་རོལ་ཕྱིན་པའི་དོན་བསྡུས་པ།། ཡི་གེ་གཅིག་པའི་མདོ་གསུམ་བསྟན།། དེ་ལྟར་འདི་ནི
74a7 གཅིག་པའི་སྒོར།། ཐམས་ཅད་གཅིག་པའི་དོན་ཀྱད་འདི།། རྡོ་རྗེ་དྲག་མོ་ཁྱོད་ལ་གཏད།། ཁྱོད་ཀྱིས་མཁར་ཡི་རིགས་ལ་གཏོད།། རྒྱལ་པོའི་སྲས་པོ་ལ་ཆང་གི།། དེ་ལ་གཏད་པས་ང་ཡི་ཚངད་དང་འཕྲད།།
iiif viewer powered by OpenSeadragon
73b - 74b