| | e-texts navigator
|
73b1 དང་དང་འདྲ།། ཟད་པས་གཏང་མཐའ་ཆོད་པ་མེད།། ཟའག་བ་བྱས་རྒྱ་མཚོ་འདྲ།། གཅིག་ལས་འདྲེས་ཀུན་ཀ་གསལ།། སྙམ་མཁན་གྱི་རྩེ་མོ་འདྲ།། མེད་པར་རྣཆགས་སྟོན་པར་བྱེད།། ནོར་བྲརིན་ཟིན་འཐང་བ་འདྲ།། ཐ
73b2 ཅད་མི་འབྱུང་གང་ཡང་མེད།། རིན་ཆེན་གསེར་གྱི་གཟུགས་དང་འདྲ།། གཞི་ལ་འགྱུར་མེད་སྣ་ཚོགས་གཟུགས།། རིན་ཆེན་གསེར་གླེང་ཕྱིན་པ་འདྲ།། བོར་དུ་རུང་བ་གང་ཡིང་མེད།། འཕྲུལ་གྱི་མེ་ལོང་གཡངའ་དག་འདྲ།། ཡོད་དང
73b3 མེད་པ་སྔ་ཕྱིར་གསལ།། ག་པུར་ཙནྡན་དུག་ཉིད་འང་།། མཁས་ན་སྨན་དེ་མ་རིག་དུང་།། བརྡའ་རྟགས་སྒྲ་དང་དོན་བཞི་ཡིས།། ཆོས་ཉིད་ཤིག་ཐོག་མཛུ་གུ་འདྲ།། གཅིག་པར་བསྟན་པའི་གདམས་ངག་ནི།། ཟངས་ཀྱི་སྔགས་སུ་ཆུ་བཅུག
73b4 འདྲ།། གཤོར་གྱི་ནང་དུ་རླུང་བཅུ་དེ་འདྲ།། ཐོགས་པ་བཞིན་དུ་གཅིག་སྟེང་གཅིག། བྱ་བརྒྱ་ཐལ་མོ་གཅིག་གིས་འཇུར།། རོལ་བརྒྱ་བཤལ་བ་གཅིག་གིས་བསུབ།། བརྒྱད་ཁྲི་བཞི་སྤྱོང་ཆོས་ཉིད་གཅིག། གཅིག་ཏུ་བསྟན
73b5 གྱིས་ལེགས་པར་རྟོགས།། གཅིག་པར་བསྟན་པའི་གསང་རྒྱུད་འདི།། ཆོས་ཅན་ཐམས་ཅད་ཆོས་ཉིད་གཅིག། གཅིག་པོ་འཁོར་འདས་སྙིང་པོ་གཅིག། སྙིང་པོ་ཁྱབ་ཆེན་རྒྱུད་དུ་ཟུང་།། དཔའ་བོ་གཅིག་པ་རྡོ་རྗེ་ཧཱུཾ།། གཅིག་པུ་འགྱུར་མེད་ཐམས
73b6 ཅད་འཇོམས།། རྡོ་རྗེ་གཅིག་པའི་རྒྱུད་དུ་རུང་།། གཅིག་ནི་སྣ་ཚོགས་ཀུན་གྱི་གཞི།། སྙིང་ངོ་ཐམས་ཅད་འབྱུང་བ་རིན་པོ་ཆེ།། རིན་ཆེན་རང་བྱུང་རྒྱུད་དུ་ཟུང་།། འཇུག་སྒོ་ཐེག་པ་བསམ་འདས་ཀྱང་།། སྙིང་པོ་ཆོས་མིན་ཆོས་ཉིད
73b7 ཅིག། ཐམས་ཅད་ཧཱུཾ་ལ་འདུས་པས་ནི།། འཐོར་བསྡང་པོའི་རྒྱུང་དུ་ཟུང་།། སངས་རྒྱས་ཐམས་ཅད་འདུལ་པ་གཅིག། དགོངས་པ་གཅིག་པའི་རྒྱུད་དུ་ཟུང་།། དེ་ཡི་དགོངས་པ་དེ་ལ་བསྟན།། དགོངས་པ་བརྒྱུད་པའི་ཆུང་ངུ་ཆུང་།
iiif viewer powered by OpenSeadragon
73a - 74a