| | e-texts navigator
|
73a1 འ་བྱུད།། མཐར་བའི་དབང་དུབསྒྲུབ་གས།། ཆོས་ཉིད་གཞིམ་སྣང་པ་པ་འང་།། ནམ་མཁའི་ཐང་བཞིན་འཐུལ་འ།། ནམ་མཁའ་ཐུགས་འགྲོདྲན་པ་སགས།། འཛིན་པ་གཟུང་འང་ཆུབྱུང་འཛིན
73a2 གནང་།། ཆགས་པ་རང་འདོད་ཉམས་མྱོང་གནད།། དྲན་པ་ཡེངས་མེད་ལྷོང་པའི་གནད།། འགྲུབ་རང་བྱུང་ལྟ་སྟངས་གནད།། གནད་བ་དྲི་ཤེས་པ་ལྟ་སྒོམ་གཟེར།། གཟེར་བཞི་ཐེབས་པས་མཁའ་འགྲོ་དབང་།། དབང་བཞི་ཐོབ་པས
73a3 འཕྲང་བཞི་སོལ།། འཕྲང་བཞི་སོལ་བས་འཁོར་བཞི་གྲོལ།། འཁོར་བཞི་གྲོལ་བས་བདུད་བཞི་བརྟུལ།། བདུད་བཞི་ཐུལ་བས་ཡེ་ཤེས་བཞི།། ཡེ་ཤེས་རའབྱུང་ཆོས་ཀྱི་དབྱིངས།། སྲིད་པའི་རྒྱལ་མོའི་ཞལ་དངོས་གཟིགས།། དབང་ཕྱུག
73a4 ཆེན་པོ་དབང་དུ་འདུས།། ཚངས་པ་ཆེན་པོས་ལུང་སྟོན་གནར།། དགའ་བོ་འཇོག་པོའི་ནོར་བུ་འོང་།། རིགས་དྲུག་གཡང་ས་དེ་རུ་ཆོད།། འདའ་ཀའི་གཅན་འཕྲེང་དེ་རུ་བསྐུལ།། འཇིགས་པའི་བདུད་བཞི་དེ་རུ་ཆོམས།། སྡེ་བརྒྱད
73a5 འཕྲུལ་དེ་རུ་ཟད།། སྲིད་པའི་བོན་ལ་གྱི་རས་མེད།། དམ་པའི་ཆོས་ལ་བཤད་པ་མེད།། འཚོ་བྱེད་སྨན་ལ་བཅོས་ས་མེད།། མཐོང་བྱེད་མོ་ལ་བལྟས་མེད།། སོ་ནམ་བཟོ་ལ་བྱས་མེད།། སྡེ་བརྒྱད་འདྲེ་ཡི་གནོད་པ་མེད།། ཤེས་པ
73a6 བརྒྱད་པོ་རྟོགས་པ་འཆང་།། བདག་རིག་གཞན་རིག་ཐམས་ཅད་རིག། འབྱུང་བ་སྙིང་པོ་ཆོས་ལས་གྲོལ།། ཞེས་གསུངས་སོ།། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། སྡེ་བརྒྱད་རང་གྲོལ་གྱི་ལེའུ་སྟེ་ཉེར་གཅིག
73a7 པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད།། ང་ཡི་གེ་དམས་པའི་ཆོས་རྒྱུད་འདི།། འབྱུང་བའི་རྒྱལ་པོ་ནམ་མཁའ་འདྲ།། རྒྱ་ཆད་ཕྱོགས་སུ་ལྟུང་བ་མེད།། རྒྱ་མཚོ་ཆེན་པོའི
iiif viewer powered by OpenSeadragon
72b - 73b