e-texts navigator
Collection
Volume
Page
Wylie

72b1 རང་གྱུར་རང་སག་ཡུལ།། འདད་མན་ཆགས་སྲུང་ཅ་གང་དང་།། དང་ལ་དང་གསུན་མར་མ་གསུང།། ལྷ་དང་ཀླུ་གཤིན་།། གན་འད་རྒྱལ་བ་བདུད་དང་བཅར།། སྤྲིན་སགནོད་ལྡན་མ་མ་རྣམས།། སློང་ཐ་སྐད
72b2 དུ་ཧཱུཾ།། སྤྱི་གཞི་སྙིང་པོ་རང་བྱུང་ངོ་།། མིག་དང་ན་བསྔ་དང་ལྕེ།། ལུས་དང་ཡིད་དང་རྣམ་ཤེས་དང་།། ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་ནི།། མཚན་འཛིན་རང་གནས་སྡེ་བརྒྱད་དོ།། བརྟེན་པ་ལུས་ནི་སྤྱི་གཞི་ལ།།
72b3 སྙིང་དང་ནི་རྩ་རླུང་ཁྲག། སྡེ་བརྒྱད་དངོས་པོར་ཡོད་པ་སྟེ།། མཁལ་མ་གླ་ཡི་མཁར་ཡིན་ཏེ།། ཆུ་རྩ་རྒྱ་མཚོ་ཆེན་པོ་གནས།། མཚེར་པ་བདུད་ཀྱི་གནས་ཡིན་ཏེ།། ལྷག་པའི་བདུད་རྩ་ནག་པོར་འབྲེལ།། མཆིན་པ་བཙན་དང་གཤིན
72b4 རྗེའི་མཁར།། ཁྲག་མཚོ་སྔོག་པོ་རྩ་དང་འབྲེལ།། གློ་བ་གནོད་སྦྱིན་མ་མོའི་མཁར།། ལས་རླུང་དབུགས་དང་འབྲེལ་པའི་རྩ།། སྙིང་ནི་གཟའ་དང་རྒྱལ་པོའི་མཁར།། ཀུན་ཁྱབ་རྒྱལ་པོ་འགྱུ་བའི་རྩ།། རྒྱལ་པོ་དཀར་ནག་གཉིས་ཡིན།
72b5 སྙིང་སྟོད་དཀར་མཐིང་གཉིས་ལ་གནས།། སྙིང་རྩ་གཟའ་ཡི་རླུང་རྩར་འབྲེལ།། ལྷ་དང་ཁྱབ་འཇུག་ཀླུ་དང་མ།། དབང་དུ་བསྡུ་བ་ཤིན་ཏུ་གཅེས།། ལྷ་ནི་དབང་ཕྱུག་ཆེན་པོ་སྟེ།། འགྱུ་བ་དབང་ཕྱུག་དབང་དུ་གྱིས།། དྲན་པས
72b6 དབང་དུ་འདུས་པ་ཡིན།། གཟའ་ནི་ཚངས་པ་ཁྱབ་འཇུག་སྟེ།། ཡིད་དང་འཁྲུབས་ཁྱབ་ཅིང་འདུག། རང་བྱུང་སྙིང་པོ་དོ་ཤེས་ཚངས།། ཚངས་པའི་བུ་ག་འབྱོབས་ན་འཆར།། ཀླུ་རྒྱལ་ནོར་བུ་རིན་ཆེན་ནི།། འདོད་པའི་ཡོན་ཏན་ཐམས་ཅད
72b7 འབྱུང་།། སྙིང་པོ་ནོར་བུ་རིན་ཆེན་འདྲ།། རང་བྱུང་འོད་ཀྱི་ངོ་ཤེས་ན།། འདོད་པའི་དོན་འགྲུབ་རིན་པོ་ཆེ།། རྡོ་རྗེ་པདྨ་འབྱོརས་ན་ཕན།། གཞི་མ་སྙིང་པོ་རྒྱུ་ཡིན་པས།། སྲིད་པའི་རྒྱལ་མོ་མ་མོའི་གཙོ།། མཁའ་འགྲོ་བཞི་ནི་རྟག




iiif viewer powered by OpenSeadragon

72a - 73a

Texts on this page

Gdg005.7 - snying po rdo rje rin po che thams cad gcig pa'i rgyud