e-texts navigator
Collection
Volume
Page
Wylie

71b1 གཞིམ་ཅ་དང་རླུང་།། སྙིང་པོ་འགག་མེད་རང་ལ་གྱུར།། བྷཱུ་ཎི་སྣང་པོའི་མཁའ་སྤྱོང་ལ།། གངྒཱ་ནང་འགྱུ་བ་འགག་མེད་གྲགས།། ཀུར་ཡང་ཐགས་པད་མ་ཐོགས་གྲོགས།། ཡང་དག་ལ་བནྡྷ་མཁའ་འགྲོ་མན།། དྷཱ
71b2 མ་མོ་མཁའ་འགྲ་ཡིན།། སརྦ་མེ་རླུང་མབྲན་འདྲ།། སྤྱི་གཞི་མཁའ་ལ་ཀུན་གཞི་མོ།། འབྱུང་བ་ལྔ་ནི་མི་མོ་ཡིན།། ལུས་ནི་མ་ལ་ཡན་ལག་མོ།། དབང་པོ་ཉིད་ལག་མ་བྲན་འདྲ།། རི་རབ་ལུས་དང་ཕྱི་ནང་རྩི།། སྲིད་པའི་རྒྱལ་མོ་མ
71b3 མ་མོ་འབུམ་སྡེ་གྲངས་མེད་ཀྱང་།། དམན་མོ་ལྔ་བཅུ་རྩ་བརྒྱད་འདུས།། དེ་ཡང་མཁའ་འགྲོ་སུམ་ཅུ་གཉིས།། དེ་ཡང་དབང་ཕྱུག་ཉི་ཤུ་བརྒྱད།། རྗེ་མོ་བཅུ་བཞི་ཡུམ་ཆེན་དྲུང་།། མཁའ་འགྲོ་སྡེ་བཞི་སྲིད་རྒྱལ་མོ།། སྲིད་པའི་རྒྱལ
71b4 པ་མཐོང་ན།། སྣང་སྲེད་མ་མོ་ཐམས་ཅད་གཟིགས།། རྩེ་ལྟར་རེ་རབ་གླིང་བཞི་མཚོན།། ནང་དུ་རྩ་རླུང་ཐིག་ལེའོ།། དམན་མོ་ལྔ་བཅུ་རྩ་བརྒྱད་ཀྱང་།། འཁོར་ལོ་རྩ་མདུད་རྣམ་ལྔ་ལ།། རྩཝ་འདབ་བརྒྱད་བརྒྱད་སྟེང་འོག
71b5 མཐའ་གཉིས་མེད་པས་ལྔ་བཅུ་བརྒྱད།། ལུས་ཀྱི་འཁོར་ལོ་སྤྱི་བོ་མཁའ།། གྱེས་པའི་རྩ་འདབ་སུམ་ཅུ་གཉིས།། མཁའ་འགྲོ་སུམ་ཅུ་རྩ་གཉིས་དྲུང་།། མཁའ་འགྲོ་མ་ཡི་ཆ་འཛིན་ནོ།། སྐལ་ཚིག་ཉི་ཤུ་རྩ་བརྒྱད་ནི།།
71b6 ཐེག་ལེ་ཞུགས་པ་དབང་།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཚོགས་འཁོར་ཏེ།། མ་དང་བྷྱོ་ཡ་ཚུལ་དུ་གནས།། མགྲིན་པ་ལོངས་སྤྱོད་ཐབས་ཤེས་བཞག། བཞི་བཅུ་རྩ་དང་རྩ་བྲན་ཧཱུ~ཾ།། ཡེ་ནས་སྙིང་པོ་ཀུན་སྐྱེད་བྱེད།། རྗེ་མོ
71b7 འི་ཚུལ་དུ་གནས།། རྣམ་ཤེས་ཚོགས་དྲུག་རྩ་བའི་ཚུལ།། མཚན་ཉིད་འཛིན་པ་ཧཱུ~ཾ་ལས་མ།། ཡབ་ལས་ཡུམ་ནི་དགྱེས་བྱེད་འདྲ།། དབྱིངས་ཀྱི་ཡུམ་དྲུག་ཚུལ་དུ་གནས།། སྙིང་ནས་རྩ་བཞི་ཡིག་འབྲུ་བཞི།། དངས་མ་འོད




iiif viewer powered by OpenSeadragon

71a - 72a

Texts on this page

Gdg005.7 - snying po rdo rje rin po che thams cad gcig pa'i rgyud