e-texts navigator
Collection
Volume
Page
Wylie

70a1 དག་པཆོས་མིན་ཆོས་ཀྱིསྲ།། མཛད་པ་མེད་པའི་བྱིན་རླབས་ནི།། རྩོལ་བ་མེད་པ་སྒྲ་ཉིད་འབྱུང་།། !ཀམཐོས་མེན་ལོངས་སྤོད་སྒྲ།། ས་སའི་རིགས་ཀྱི་འབྲས་བུར་སྣང་།། སཱུ་ལཱ་ཡ་ཤེས་སྒྱུམ་ལྔ།། འོདགས་གས་ལྔ་མཚན་རྫོགས་སུ།
70a2 རྡོ་རྗེ་འཆང་བ་མཚན་མ་ཡིན།། དོ།། ཉིད་གཟིགས་ཀྱང་ཤེས་བྱ་འཕང་།། འོད་ཟེར་དཔག་མེད་ཡུམ་དང་སྲས།། མ་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་གཅིག། ཚོགས་ཆོས་མིན་སྤྲུལ་པའི་སྐུ།། ཨུ་ག་སུང་ཐུགས་ཀྱི་འབྲས་བུར་སྣང་།། རང་བྱུང་དང་སྣང་ཡེ་ཤེས་སུ།། སྣ་ཚོགས
70a3 སྐལ་པས་སྣ་ཚོགས་འདུལ།། རྡོ་རྗེ་འཆང་བ་ཐ་མ་སྟེ།། མཛད་པའི་ལས་རྣམས་འགྲོ་དོན་བྱེད།། གང་ལ་ཅེས་འདུལ་སྦལ་པ་འགྱེད།། སྣ་ཚོགས་ཐེག་པའི་བློ་དང་སྦྱོར།། སྙིང་པོ་རང་བྱུང་དཔའ་བོ་རྗེ།། སྙིང་པོ་ཏི་ལ་དང་མར་བཞིན་དུ།། ཡོངས་སུ་ཁྱབ་པའི་སྒྲ་སྒྲོགས་ཏེ།། རྫ་དྲུང་ཡེ
70a4 ས་རང་བྱུང་སྟོན།། སྙིང་པོ་གྲུབ་པའི་མཐའ་གཅིག་ཡིན།། ཞེས་གསུངས་སོ།། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། གྲུབ་མཐའི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད།། སྙིང་པོ་ཆོས་མིན་སུ
70a5 གསུམ་ལས།། ཐུགས་རྗེ་ཡེ་ཤེས་རང་བྱུང་བསྟན་པ་ནི།། དཔེར་ན་སྟོན་ཀའི་ཉི་མ་སྤྲིན་དང་ཆར།། བྱིན་གྱི་རླབས་ཀྱིས་འབྱུང་བ་ཡིན།། ལུས་དང་ཡན་ལག་ཉིད་ལག་བཞིན།། ལུས་དང་དབང་པོ་རྣམ་ཤེས་འདྲ།། ཆོས་སྲུ་ནམ་མཁའ་ལུས་དང་ཉིད།། ཆོས་སྐུ་ཆོས་མིན་རྡོ་རྗེ
70a6 འཆང་།། གཡོས་པ་མེད་པའི་མྱ་ངན་འདས།། མཛད་པ་མེད་པའི་བྱིར་རླབས་འབྱུང་།། ལོངས་སྐུ་འོད་དང་སྤྲིན་དང་ཡིན།། སྤྲིན་འདུས་འོད་གསལ་ཡན་ལག་ལྔ།། ཐིག་ལེ་ཆོས་མིན་རྡོ་རྗེ་འཆང་།། སྲུལ་སྐུ་ཆང་དང་ཟེར་དང་ཉིང་ལག་འདྲ།། གང་ལ་གང་མོས་ཅེལ་ཅིས་འདུལ་བཞིན།
70a7 མཛད་པའི་ཕྲིན་ལས་འགྲོ་དོན་སྣ་ཚོག་མཛད།། ཐེག་པ་སྣ་ཚོགས་རྡོ་རྗེ་འཆང་།། ལུས་དག་ཡིད་གསུམ་དགེ་བཅུར་འཛུད།། ཡི་གེ་འབྲི་ཀློག་ལ་སོགས་ཏེ།། རྒྱུ་དང་ཡེ་ཤེས་ཚོགས་ལ་བསྐུལ།། དབང་པོ་རབ་འབྲིང་ཐ་མ་ལ།། རང་རང་བློ་དང་སྦྱར་ཏེ་འབྲིད།། ཐ་མེད་སྙིང་པོ




iiif viewer powered by OpenSeadragon

69b - 70b

Texts on this page

Gdg005.7 - snying po rdo rje rin po che thams cad gcig pa'i rgyud