e-texts navigator
Collection
Volume
Page
Wylie

69b1 རྒྱག་སྨྲབ་ས།། ། ས་བླག་ང་བ་དང་།། བ་གས་སུ་ཀྱ་ས་པ་།། ན་ཕྲུལ་བྱ་ནནས།། མ་ཡང་ས་གན་རྒྱུ་གགས་ས་ཆུང་།། རྫས་ག་སྤྱང་ད་དམ།
69b2 དཀར་དམང་རླུང་བསྡམ་ཚངས་བུག་གཏོད།། མཁའ་ལ་འབྲུ་ཚུག་པ་ཙན་ཐབས་གནད།། རྡོ་རྗེ་པདྨ་\ུ0f7f་ཁ་ནས།། དཀར་དམར་རྩ་རབ་ཎྜི་རྩི།། བདུད་པ་ལྡན་སྒོ་ཐབས་ལྔ།། ཕྱེད་པར་རྩོལ་འདྲིས་པར་གྱིས།། གྱེན་དང་ཐུར་དང་ནད་ཀ་གསུམ།། ལྟ་སྟངས
69b3 སེམས་དཔའི་གནད།། མཚུད་གཞུང་དང་ཐག་པ་སྟེ།། ཡང་གཡང་ང་བཅས་པས་ཚུ་དེ།། འགྱུས་དྲན་འཛིན་ཆགས་ཡེངས་པ་མེད།། གང་སྡང་གར་འགྱུས་ལམ་སློངས་ཤིང་།། གཉིད་དང་དངོ་གཡེང་བ་ཀུན།། ཁྱད་པར་མེད་ན་བསྒོམ་པ་གཅིག། རང
69b4 རང་ཉམས་མྱོང་ང་རྒྱལ་གནོད།། དགེ་སྡིག་འབྲུལ་ཆོས་ལམ་དུ་སློངས།། བར་མེད་འཕྲོ་མེད་འབྲལ་བ་མེད།། ལོག་རྡུག་འདོད་པའི་རོ་མི་ལྡན།། དགྲ་སྡང་ཆགས་གཉེན་ངོས་མི་འཛིན།། སྐྱེས་བུ་ནད་ཀྱིས་གཟིར་བ་འདྲ།། པུ་ཤི་མ་ཡི་སེམས་ལས་བཞིན།།
69b5 ཡེངས་པ་མེད་ན་སྤྱོད་པ་གཅིག། སྙིང་པོ་རྒྱུན་ཆགས་སྤྱོད་པ་གཅིག། ཅེས་གསུངས་སོ།། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས།། ལྷ་སྒོམ་སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན
69b6 ཅིག་རྡོ་རྗེ་དྲག་མོ་ཁྱོད།། སྙིང་པོ་ཆོས་མི་ནི་གྲུབ་མཐའ་གཅིག། སྐུ་གསུམ་ཆོས་སྤུའི་དྲུང་དུ་གཅིག། འབྱུང་ལྡ་ནམ་མཁའི་ངང་དུ་གཅིག། སངས་རྒྱས་ཐམས་ཅད་དགོངས་པ་གཅིག། དཔེར་ན་རྒྱ་མཚོར་ཆུ་བྲན་འདུས་པ་འདྲ།། གདུལ་བྱའི་དོན་དུ་སླར་བསྟན
69b7 པ།། རྒྱ་མཚོར་གཟའ་སྐར་ཤར་བ་འདྲ།། རྡོ་རྗེ་འཆང་གསུམ་ཆོས་མིན་སྒྲ།། སྙིང་པོ་ཆོས་མིན་ཆོས་ཀྱི་སྐུ།། ཐམས་ཅད་འདུས་པའི་འབྲས་བུ་གཅིག། ཡུལ་སྣང་ཡངས་པ་ཡེ་ཤེས་རྒྱས།། རང་རིག་ཡེ་ཤེས་ཆོས་ཀྱི་སྐུ།། དང་པོའི་རྡོ་རྗེ་འཆང་དུ་གྲགས།།




iiif viewer powered by OpenSeadragon

69a - 70a

Texts on this page

Gdg005.7 - snying po rdo rje rin po che thams cad gcig pa'i rgyud