e-texts navigator
Collection
Volume
Page
Wylie

69a1 བྱུང་བ།། ཆོས་ཅན་ཆོས་ཉོ་འཁོར་འདས་དང་།། ཕྱེ་པ་ནང་པ་ཐེག་པར་སྒོ།། སྙིང་པོ་གཞི་ལས་གྱེས་མདོག་ཅིག། ཆོ་ག་དོན་སྙིང་པོའི་བྱིན་རླབས་ན།། ཛརྗེ་འཇུང་གསུམ་བ་ཤད་ལུགས་ལ།། མཚན་བྱེད་ཚིག་གི་སྙིང་དུ
69a2 བསྟན།། རང་བྱུང་སྙིང་པོ་གདམས་ངག་གཅིག། ཡི་གེ་དོན་གྱི་སྙིང་པོ་བསྟན།། རང་རང་ཐེག་པ་ལ་ཤན་དབྱེ།། སྙིང་པོ་འདི་རུ་ཆོས་ཉིད་གཅིག། རྩ་བ་སྙིང་པོ་རང་བྱུང་གཅིག། དགོས་ཆེད་སྙིང་པོ་སྤྱི་གཞི་འདི།། འགྲོ་དྲུག་ཐེག་པ་ཁ་འཐོར་ནས།། འབྱུང་།།
69a3 བའི་དོན་དུ་རང་བྱུང་ཧཱུཾ།། འཁྲུལ་པ་བཟློག་པ་སྙིང་པོ་གཅིག། དོན་གྱི་ཆོས་ཉིད་སྤྱི་གཞི་འདི།། ཁོང་ནས་གབ་སྦས་དོན་འབྱིན་པ།། ཉག་གཅིག་སྙིང་པོ་བསྟན་པ་ཡིན།། རྡོ་རྗེ་འཆང་བའི་གསུང་གི་མཛོད།། ཚིག་གི་དོན་གྱིས་དོན་ལ་སྦྱར།། ཞལ་ནས་གསུང
69a4 པའི་རྒྱུད་ལུང་ཀུན།། མ་ནོར་ཁྲིགས་སུ་དོན་ལ་བཏབ།། གསལ་འདེབས་ཡི་གེའི་རིས་སུ་བཀོད།། ཚིག་དོན་གསལ་བར་བྱེད་པ་ཡིན།། ཚོགས་ཆུང་དོན་ཆེ་སྙིང་པོ་འདི།། གང་དང་ཅི་ཡང་ལས་རུང་བ་ས།། ངེས་ཚིག་གཏན་ཚིགས་སྙིང་པོ་ཧཱུཾ། བླ་མ
69a5 སློབ་བུ་མ་བུ་འདྲ།། སྤྱིར་ན་རྒྱུད་ལུང་མན་ངག་གསུམ།། རྗེ་དང་བློན་པོ་འབངས་གསུམ་འདྲ།། བླ་མའི་བརྒྱུད་པ་བར་མ་ཆད།། དེ་ཡི་ལུང་ཐོབ་བཀའ་བཞིན་བསྒྲུབ།། བུམ་པའི་ཆུ་བཞིན་མན་ངག་ཐོབ།། དེ་ལ་དེ་བསྟན་དེ་ཡང་ཐོ་།། སྙིང་པོ་དོན་གྱི་མན་ངག
69a6 གཅིག། ཅེས་གསུངས་སོ།། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས། མན་ངག་གི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད།། སྙིང་པོ་དོན་གྱི་ལྟ་བ་ནི།། ཅི་ཡང་ཡིན་ནོ།
69a7 གང་ཡང་རུང་།། ཕྱོགས་དང་བྲལ་བས་ནམ་མཁའ་འདྲ།། སྙིང་པོ་རང་བྱུང་ཀློང་ཡངས་པས།། དགག། སྒྲུབ་མེད་པའི་ཆོས་མིན་ཡིན།། ཡུལ་མེད་མིང་མེད་གཅིག་ཀྱང་མེད།། རང་བྱུང་རང་སྣང་རྩོལ་བ་སྒྲུབ་མེད།། གསལ་མེད་སྟོད་མེད་ཆོས་ལས་འདས།།




iiif viewer powered by OpenSeadragon

68b - 69b

Texts on this page

Gdg005.7 - snying po rdo rje rin po che thams cad gcig pa'i rgyud