e-texts navigator
Collection
Volume
Page
Wylie

67b1 སྦྱོང་བར་དམས་དང་འཐུང་གསང།། ཐུགས་པ་འདུན་གསང་བསན།། གསུང་སྔགས་གས་སུང་འཆད་པ། བྷབ་པ་ཀུན་ཀྱབ་རྟེན་ཅི་དེ་མེང་།། འདུས་དང་ཙུན་དུ་ལྟར་དང་།། དྲུན་འཕྲུལ་པ་དགས་གནགས།། ཤཱ་སྔག་ནས་སུ་ཅ་ག།། མང་དྲ།
67b2 འཁོར་འདས་མ་ང།། དངར་ནག་ས་དེང་གཟུགས་བརྙན་འང།། བདེར་གཤེགས་སྙིང་པོས་འཕྲོག་ས་དྷཿ།། གཟུངས་སྔགས་ཞེས་སྨང་ཡི་བཤད།། སྟེང་བ་ད་ཀྱི་སྔགས་ཅིག་མིན།། གསང་སྔགས་དེད་གུ་རྟན།། ཤེས་རབ་སྙིང་རྗེ་ག་ཉིས་།
67b3 རེག་སྔགས་དག་གི་ངོ་བོ་ནི།། ཤེས་རབ་ཡེ་ཤེས་གཉིས་སུ་མེད།། གཟུང་སྔགས་དག་གི་ངོ་བོ་ནི།། ཤེས་རབ་ཏིང་འཛིན་གཉིས་སུ་མེད།། སྙིང་པོ་དོན་དུ་སྔགས་གསུམ་གཅིག། ཤེས་སྐྱོབ་ཕྱེར་ངན་སྔགས་ཞེས་བྱ།། སྙིང་པོ་རང་བྱུང་སྔགས་ལས་ནི།། གཞི་ནས
67b4 ཆགས་སེལ་བ་དང་།། མ་རིག་རྟོག་པ་སེལ་བ་དང་།། འཕྲལ་བྱེང་ཉོན་མོངས་སེལ་བར་གཅིག། རང་བྱུང་ཆེན་པོ་སྔགས་གཅིག་ཡེ་ནཱཾ།། ཞེས་གསུངས་སོ།། སྙིང་པོ་རྡོ་རྗེ་རིནཔོ་ཆེ་ཐམས་ཅད་གཅིག་པའི་རྒྱང་ལས། སྙིང་པོ་དོན་གྱི་སྔགས་བསྟན་པའི་ལེའུ་སྟེ།
67b5 བཅུ་གཅིག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་དྲག་མོ་ཁྱོད།། སྙིང་པོ་རིན་ཆེན་ཕྱག་རྒྱ་ནི།། སྙིང་པོ་དུས་གསུམ་འགྱུར་བ་མེད།། ཕྱག་རྒྱ་ཆེན་པོའི་ངོ་བོ་གཅིག། སྙིང་པོ་འཆོས་པས་འདས་པ་མེད།། ཕྱག་རྒྱ་ཆེན་པོ
67b6 དེས་ཚིག་གཅིག། ཕྱག་རྒྱ་བཞི་དང་རྩ་ལ་ཧཱུ~ཾ།། ཆོས་དང་བྲལ་བའི་སྙིང་པོ་སྒྲ།། ཆོས་སྐུ་ཕྱག་ཆེན་པོ་གཅིག། རང་བྱུང་རང་གདངས་ཡེ་ཤེས་ལྔ།། དམ་ཚིག་ལོངས་སྐུའི་ཕྱག་རྒྱ་གཅིག། རང་བྱུང་རང་སྦྲུལ་འགགས་པ་མེད།། སྤྲུལ་སྐུ་ཆོས་ཀྱི་ཕྱག
67b7 རྒྱ་གཅིག། སྙིང་པོ་རང་བྱང་རང་འགྱུ་སྡང་།། སྣ་ཚོགས་ལས་ཀུན་དེ་མས་བྱེད།། མངག་ཤེལ་འཁོར་འདས་ལས།། སྙིང་པོ་ལས་ཀྱི་ཕྱག་རྒྱ་གཅིག། སྙིང་པོ་ཕྱག་རྒྱ་ཀུན་གྱི་གཞི།། ནམ་མཁའི་བདག་པོ་སྣ་ཚོགས་སྟོན།། སྙིང་པོའི་དཔེ་ན




iiif viewer powered by OpenSeadragon

67a - 68a

Texts on this page

Gdg005.7 - snying po rdo rje rin po che thams cad gcig pa'i rgyud