e-texts navigator
Collection
Volume
Page
Wylie

63b1 ཁྱེམ་འདྲ།། སྙིང་པོ་མ་འདྲེས་ཡོངས་སུ་གསལ།། མུ་ཏིག་ཅར་ལ་བརྒྱས་པ་འདྲ།། གོ་རིམ་འབྲེལ་བརྒྱུད་ནགསལ། དཔེར་ན་ཉི་མ་མུན་པ་འདྲ།། ཐམས་ཅད་འགལ་བྱེད་མ་རིག་སེལ།། སྙིང་པོ་གསང་བ་མངོན་དུ་སྟོན།། སྦས་པ་མིག་འབྱེད་རྒྱུད་དུ་ཟུང་།།
63b2 ཆོས་ཉིད་སྙིང་པོ་བླ་མེད་རྫོང་།། འགྱུ་དྲན་འཛིན་ཆགས་ཧཱུཾ་གི་འཕྲང་།། བླ་མེད་རྗོད་འཕྲང་རྒྱུད་དུ་ཟུང་།། ཀུན་གྱི་ལག་ལེན་གསལ་བར་སྟོན།། སྙིང་པོ་གསལ་བྱེད་རྒྱུད་དུ་ཟུང་།། གཅེས་པའི་མན་ངག་མཛུབ་ཁྲིད་སྟོན།། གཅེས་པ་དམར་ཁྲིད་རྒྱུད་དུ
63b3 ཟུང་།། རྩེ་མོ་རྩེ་མོ་འོག་མེན་གསུངས།། རྡོ་རྗེ་ཡང་ཏོག་རྒྱུད་དུ་ཟུང་།། འབྲས་བུ་རྡོ་རྗེ་སེམས་དཔའ་དང་།། རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཀྱིས།། སྦྲུལ་སྐུ་རིམ་པར་བརྒྱུད་ཚུལ་ལ།། རྒྱལ་བློན་རིག་པ་ཅན་དང་སྤྱོད།། དེ་ནས་བྲག་དང་ཆུ་གཞུང་གི།
63b4 ཚོ་གཇིགསོད་དག།། དུས་ཀྱི་ཐ་མ་སྔགས་འཚལ་ཚེ།། བསྟན་པ་འཛིན་པར་ཐེ་ཚོམ་མེད།། ཞེས་གསུངས་སོ།། སྟོན་པ་ཉིད་མྱ་ངན་ལས་འདས་སོ།། དོ་ནས་རྡོ་རྗེ་སེམས་དཔའ་དང་། མཁའ་ངའགྲོ་མ་ཀུན་གྱིས་མངོན་པར་བསྡུས་ནས། སྤྲུལ་པའི་སྐུ་པདྨ
63b5 འབྱུང་གནས་ཉིད་ལ་གཏད་དེ། སྤྲུལ་པའི་ལྷམ་སྲིན་སྡེ་བརྒྱད་རྣམས། རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་དོ།། རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། རྫོགས་སོ།། ། གསེར་ལ་མཐོ་སེམས
63b6 མི་བདོག་སྟེ།། ཟོང་མེད་ལག་ཏུ་གསེར་མི་འཁོར།། ཆོས་ལ་མཐོ་སེམས་མི་བདོག་སྟེ།། སྣོད་མེད་ལག་ཏུ་ཆོས་མི་འཁོར།། དོན་གྱི་སྙིང་པོ་གསུང་རྒྱུད་འདི།། སྙིང་གི་བུར་གཏད་གཅིག་རྒྱུད་རེ།། ལོག་གི་སྙིང་བཏོན་སྙིང་པོ་རྡོ་རྗེའི་རྒྱུད།། ཡང་རྩེ་ཡང
63b7 ཏོག་གདམས་པའི་མ་བུ་རྣམས།། སྙིང་གི་སྙིང་བཏོན་སྙིང་པོ་ཧཱུཾ་གི་བསྐོར།། སྐལ་ལྡན་སྐྱོང་ལ་མེད་པའི་བུ་ལི་གཏོད།། ཀུན་གྱི་གཞིམ་བྱེད་དེ་ནམ་མཁའ་ཁབ་མིག་འདྲ།། ས་ནི་གསེར་གྱི་གཞི་མ་བྱང་སྟེ་རྡོ་དང་གསེག་མས་བསྒྲིབ།། མིག་གིས་ཐམས




iiif viewer powered by OpenSeadragon

63a - 64a

Texts on this page

Gdg005.6 - rdo rje yang tog gi rgyud