e-texts navigator
Collection
Volume
Page
Wylie

60b1 མི། བྷྱོམ་ཐང་བྲལ་མ་ཡངས་སྤྱན་དུ་སྤྱོད།། མི་བཀྱིགས་མཚོལ་རི་དགས་མེད།། རྡོ་རྗེ་འཆང་བ་བཚས་ཉིད་ནི།། སྦྲུལ་ལྡན་ཁྱོད་ཀྱིས་རྟོགས་པར་ཤོག། བྷ་མ་མ་\ུ0f7f། ཎཱི། སྡིག་རྟོགས་པ་རང་གི་དབང་།། རང་ཆས་སྙིང་པོ་སྡིག་སྒྲིབ་གལ།། སྲོག་རྟིང་ཡུལ་མིང་གཉིས
60b2 ལས་གྲོལ།། ཆོས་མིན་སྙིང་པོ་རྟོགས་པར་ཤོག། ནི་ཎཱིཀྲཱ་ཨ་བྷི་ཙྱཻ་མི། ཧཱུཾ་ཆོས་རྣམས་ཐམས་ཅད་གེཞི་བོའི་ཧཱུཾ།། བརྡ་རྟགས་བསྟན་པས་དེ་ཉིད་རེག། རང་བྱུང་འབྲུ་དྲིན་ལམ་དུ་སྤོངས།། འཛིན་ཆགས་རང་གྲོལ་འབྲས་བུ་།། དེས་ན་འཆད་པའི་དབང་བསྐུར་བྱ།
60b3 རྡོ་རྗེ་འཆང་ད་རིགས་ཀྱི་བུ།། སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ།། དེ་ཉིད་རང་བྱུང་ཧཱུཾ་དུ་གནས།། དེ་ཉིད་ཁྱོད་ཀྱིས་ཚིག་རྒྱུད་སྟོན།། ཞེས་གསུངས་སོ།། རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལས། དབང་བསྐུར་གྱི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་དག་བཤད་བྱ
60b4 བ།། ཉོན་ཅིག་སེམས་དཔའ་མཁའ་འགྲོ་མ།། སྲིནཱ་ལས་བཅོལ་བའི་རིམ་པ་ནི།། དཔའ་བོ་གཅིག་པའི་ཚལ་ག་སྟེ།། ཧཱུ~ཾ་རྡོ་རྗེ་འཆང་བ་ང་ཡི་སྐུ།། རྡོ་རྗེ་ཞེ་ཁྲོང་ལས་བྱུང་།། ལྷ་མོ་མཛེས་མ་སྣ་ཚོགས་དང་།། གཏུམ་ཆེན་མཚོན་ཐོགས་ང་ཉིད་ཛྷཻཾ།། ཧཱུཾ་ལས
60b5 གྱུར་པ་བདེ་ཆེན་དྷྭཾ།། རྦད་པུཊྚདྷརྒྷཾ་དང་གྷོ་ལི་ཛཿ། རུ་ལུ་ཀཱི་ལ་ཡ་ཡ་ང་།། སྙིང་པོ་ཐམས་ཅད་ང་ཡི་སྔགས།། ཎྱཻ་ཞི་འགྱུར་ཚེ་དང་དབང་ཟད་རྒྱས།། དབང་སྲུང་ཐམས་ཅད་རླག་པར་བྱེད།། སྲོག་སྙིང་གཟིར་བ་དགྲ་དང་བགེགས།། མིང་མེད་སྲོག་དང་བྲལ
60b6 བར་མཛོད།། ཧཱུ~ཾ་རཱྀ་ལས་མེ་ཆུང་མོ་ཆེན་ལྔ།། དུག་ལྔ་འདྲི་ལྔའི་ཕུང་པོ་བསྲེག། སྣ་ཚོགས་དམིགས་ཏེ་འོད་ཀྱིས་བསྲེག། རང་བྱུང་མེ་ནི་ང་རང་ཧཱུཾ།། ཧཱུཾ་ཁཾ་ལ~ཾས་ཆུ་བྱང་རྒྱ་མཚོའི་ཀློང་།། ཀླུང་ཆེན་ཀྲུང་ཕྲནས་བདག་གཉེན།། ཉོན་མོངས་སྣང་མིན་སྒྲིབ་པ་འཁྲུ།
60b7 རང་བྱུང་ཆུ་རྡུལ་ད་རིང་ཧཱུ~ཾ།། ཧཱུཾ་མེ་ལས་ཆུང་བྱུང་དང་པོའི་ཆུད།། སུབ་རླུང་ཆེན་སྤྲོབ་སུ་རུང་།། སྣང་མེད་ར་ཤུང་དངོས་མེད་དུ།། དཱུར་རབ་ཆེན་པོ་དཔའ་རྗེ།། དབ་བརྟན་རྡོ་རྗེས་གྲམ་གསར།། ལུགས་རི་མ་ཐང་ལྷ་ཡི་འོག། ཐོ་བ་ཆེན་པོ་འཁོར་བརྩ་ཝཾ།། ཐ~ཾང་རྗེ་བ་།




iiif viewer powered by OpenSeadragon

60a - 61a

Texts on this page

Gdg005.6 - rdo rje yang tog gi rgyud