| | e-texts navigator
|
5a1 སེམས་ཀྱི་སྒྲིབ་པ་དག་པར་བྱེད།། ཅེས་གསུངས་ས།། ལྷ་དྲུང་རིན་པོ་ཆེ་སྤངས་པ་ལས།། བུམ་པའི་དབང་ག་ལ་ལུས་བདུན་པ་།། ། ད་ནས་ཡང་བཀའ་སྩལ་པ།། ཐུབས་དང་ཤས་རབ་དབང་ལ་ནམཉྫས།། ངན
5a2 ཐབས་ཀྱི་རང་བཞིན་ཏེ།། ལུས་ཀྱི་བུམ་པ་སྣང་བ་ཡིན།། སྒྲ་དང་ལུས་རྒྱན་ལུས་པོ་ནི།། སྐུ་གསུམ་དྲག་པའི་སྣང་བའོ།། སྒོ་ལྔ་འབྲུ་ལྔ་ཡེ་ཤེས་ལྔ།། ཕུང་པོ་ལྔ་ནི་རིན་ཆེན་སྣ་ལྔ་ཡིན།། རང་བྱུང་བདུད་རྩི་ལྡན་ལྔའི་ངོ་བོ་ལ།། རྣམ་ཤེས་ལཱུ་ནི་དྲི་ལྔ་ཡིན་པར་བཤད།།
5a3 བྱང་ཆུབ་སེམས་ནི་བདུད་རྩི་འོ་མ་ཆུ།། དབུགས་ནི་གཟུངས་ཐག་ཐུགས་རྗེས་འབྲེལ།། དེ་ནི་བུམ་པའི་དབང་ཡིན་ནོ།། རང་ལ་སྣང་བ་ཐབས་ཀྱི་དབང་།། དེ་ལྟར་ཤེས་པས་ཤེས་རབ་དབང་།། ཡེ་ནས་གྲུབ་པ་ཡེ་ཤེས་དབང་།། དེ་མཚོན་པ་ནི་ཚིག་དབང་ངོ་པོ།། ཤེས་རབ
5a4 དབང་ལ་རྣམ་པ་ལྔ།། བྷ་ག་བུམ་པའི་རང་བཞིན་ནོ།། རི་ག་བུ་མཛས་རང་བཞིན་ནོ།། རྒྱགསུ་མཉེད་པ་ཐབས་ཀྱི་དབང་།། ཟུང་འཇིག་སྟོང་པ་ཤེས་རབ་དབང་།། བདེ་བའི་ཡེ་ཤེས་གསང་བའི་དབང་།། ངག་གིས་བརྒྱན་ཆེ་དབང་ངོ་།། ཞེས་གསུངས་སོ།། ལྷ་རྒྱུད་རིན
5a5 པོ་ཆེ་སྲུངས་པའི་རྒྱུད་ལས། ཐབས་དང་ཤེས་རབ་ཀྱི་དབང་བསྟན་པའི་ལེའུ་བློ་བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་དབང་ལ་རྣམ་ལྔ་སྟེ།། རྡོ་རྗེ་བུམ་པ་ཆོས་ཀྱི་སྐུ།། རྩ་གསུམ་བརྒྱན་པ་ལངས་སུ་ཡིན།། ཐིག་ལེ་སྤྲུལ་པའི་སྐུ་རུ
5a6 བཤད།། བདེ་བ་ཆེན་པོ་བུམ་རྫས་ཡིན།། དེ་ནི་བུམ་པའི་དབང་ཡིན་ནོ།། ཡིག་འབྲུ་བཀོད་པ་ཐབས་ཀྱི་དབང་།། ལྷ་རྣམས་སྦྱོར་བ་མདོད་པ་ནི།། བྷ་ག་སྟོང་པ་ཤེས་རབ་དབང་།། བྱང་ཆུབ་སེམས་འཕྲོས་གསང་བའི་དབང་།། རྒྱས་གདབ་པོ་ནི་ཚིག་དབང་ཡིན
5a7 ཡེ་ཤེས་ས་བོན་དགུག་པ་དང་།། དམ་ཚིགས་བོན་བསྐྱེད་པ་དང་།། སྦྱོར་བ་གཉིས་མེད་བསྟིམ་པ་དང་།། བདེ་བའི་མཆོད་པ་འབུལ་བ་དང་།། མཆོད་པ་ཕྱོགས་བཅུར་སྤྲོ་བ་དང་།། དེ་རྣམས་རྒྱས་སུ་གདབ་པ་ནི།། རྩོལ་བ་དང་བཅས་དབང་ཞེས་བརྗོད།། ཅེས་གསུངས་སོ།།
iiif viewer powered by OpenSeadragon
4b - 5b