e-texts navigator
Collection
Volume
Page
Wylie

4a1 རླབས་འབྱུང་མ་འགྱུར།། སློབ་མ་ཤེས་རབ་མ་བརྒྱན་ཅིང་།། གདམས་པ་གཟུང་མི་རྔུབ་པ་ནི།། དན་སློབ་མ་སྣད་མིན་ནོ།། དལ་བྱིན་རླབས་འཇུག་མི་འགྱུར།། དུ་ལོག་པས་ན་དན་ཀུན་འགྲུབ།། སྒྲ་དབང་པ་ཤེས་དབང་བསྲུར་བས
4a2 མིག་གི་གཟུགས་སྣང་མ་འགགས་པས།། རྣམ་པར་སྣང་མཛད་གཟུགས་ཀྱི་དབང་།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། དེ་ཡིས་དོན་ལ་བསྐྱེད་མེད་པས།། རྡོ་རྗེ་སེམས་དཔའ་མེ་བསྐྱོད་པ།། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན།། དེ་ལ་ཡོན་ཏནཿལ་སྣང་བ།། སྣང་བ
4a3 མཐའ་ཡས་འོད་དཔག་མེད།། སོ་སོར་ཀུན་ཏུ་རྟོགས་པ་ཡིན།། ཡོན་ཏན་ཕྱོགས་རིས་མི་མངའ་བས།། རིན་ཆེན་འབྱུང་ལྡན་འོད་འགྲོ་བས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན།། ཐམས་ཅད་རང་བྱུང་ཐུབ་པས་ན།། དོན་ཡོད་གྲུབ་པ་རྡོ་རྗེའི་སྙིང་པོ་ཡིན།། བྱབ་ཐུབ
4a4 པའི་ཡེ་ཤེས་ཞེས་ཀྱང་བརྗོད།། རྣ་བ་མི་བསྐྱོད་ཀྱི་ནི་འོད་དཔག་མེད།། སྐུ་ནི་རིན་འཐུང་འོག་སྒོ་དོན་གྲུབ་སྐུ།། ལྔ་ལྡན་ཡེ་ཤེས་རང་ལ་སྣང་བས་ན།། ལྷ་དབང་ཡེ་ཤེས་སུ་ཡི་དབང་བསྐུར་ཡིན།། འབྱུང་བ་ལྔ་ཡི་གཟུགས་སྟོང་པས།། ནམ་མཁའ་དབྱིངས་ཕྱུག་ཆོས་ཀྱི
4a5 དབྱིངས།། དེ་ཡི་ངོ་བོ་སངས་རྒྱས་སྤྱན།། འོད་གསལ་ཡེ་ཤེས་མེ་ལོང་ལྔ།། ཡོན་ཏན་རྩལ་སྨིན་གོས་དཀར་མོ།། སོ་སོར་རྟོགས་པའི་ཡེ་ཤེས་རྫོགས།། ཡོན་ཏན་ཐམས་ཅད་འདུས་པ་མཱ་མ་ཀི།། ཀུན་ལ་ཡངས་དོག་མེད་པས་མཉམ་པ་ཉིད།། དེ་ཡི་དོན་ལ་འདའ་མེད
4a6 པས།། དམ་ཚིག་སྒྲོལ་མ་ཞེས་བྱའོ།། ཐམས་ཅད་གཅིག་ཏུ་གྲུབ་པས་བྱ་བ་གྲུབ།། ཡེ་ཤེས་ཐམས་ཅད་རྫོགས་པས་འཁོར་ལོ་ཡིན།། འགྱུར་བ་མེད་པས་རྡོ་རྗེ་ཡིན།། སྐྱོན་གྱིས་མགོས་པདྨ་ཡིན།། ཐམས་ཅད་འགྱུར་བས་རིན་པོ་ཆེ།། ཀུན་ལ་ཁྱབ་པས་རྒྱ་གྲམ་མོ།།
4a7 ཐམས་ཅད་རྫོགས་པས་སེང་གེ་ཡིན།། མ་ལུས་ཐེག་པས་གླང་པོ་ཆེ།། དུག་ལྔ་སྤུ་རུ་ཤར་བས་མ་བྱ་ཡིན།། ཐམས་ཅད་ཞུགས་ལས་གྲོལ་བས་རྟ་མཆོག་ཡིན།། ཐོགས་མེད་སྤྱན་ཆེན་མངའ་བས་མཁའ་ལྡིང་ཡིན།། དེ་ཡི་དོན་རྟོགས་རྩོལ་མེད་དངང་བསྲུང་ཡིན།། མི་འདའ




iiif viewer powered by OpenSeadragon

3b - 4b

Texts on this page

Gdg005.1 - lha rgyud rin po che spungs pa