e-texts navigator
Collection
Volume
Page
Wylie

44a1 བསྟན་མ་དག་དང་འདྲེས། ག་པ་རྐྱེན་དང་ཕྲད་པ་པས།། གཟུང་འདོན་རྟོག་པ་ཅི་སང་ངོ་།། དེལས་ནས་ཞེས་བྱ་བ་ནི། ཏུ་བརྣམ་པགས་པན། དོད་ལ་སེམས་པ་སྣ་ཚོགས་པ།། གཙུག་པ་ཕྱིར་ཡང་སེམས་ཞེས་བྱ།། ང་བ་དབུགས་ནི་བརྟརྣམས་ཏེ།
44a2 ཡེ་ནས་མེད་དེ་འཕྲལ་ལ་བྱུང་།། དཔེར་ན་ཚོད་དུས་འོམ་བཞིན།། དེ་ལང་ཇེ་ལང་སོང་བའོ།། གྲངས་ནི་རྣམ་པ་བརྒྱད་དུ་བསྟན།། གནས་ནི་རླུང་ཅན་གྲོང་ན་གནས།། ལམ་ནི་མགྲིན་པ་དག་ཏུ་རྒྱ།། སྒོ་ནི་འདོད་པའི་སྒོ་གསུམ་ཤར།། སྐྱོན་ནི་རྟོག་པ་སྣ་ཚོགས་བྱེད།། འབྲས
44a3 བུབག་ཆགས་ཕུང་པོ་ལེན།། ཕྱེད་པའི་ཚད་ནི་རྒྱུ་སྲང་ཚད།། དབྱེ་བའི་དུས་ནི་ཕུང་པོ་བོར།། དེས་གསུངས་སོ།། ཡང་གསུངས་པ། ཡེ་ཤེས་ཞེས་བྱ་བསྟན་པ་ནི།། དབྱེ་བ་རྣམ་གྲངས་ངེས་ཚིག་དང་།། ངོ་བོ་གནས་དང་ལམ་དང་སྒོ།། ལས་དང་ཡོན་ཏན་འབྲས་བུ་དང་།། ཕྱེད
44a4 ཚད་དབྱེ་བའི་དུས་བསྟན་ནོ།། དབྱེ་བ་རྣམ་པ་ལྔ་ཡིན་ནོ།། རྣམ་གྲངས་དག་ནི་བརྒྱད་དུ་བསྟན།། དེས་ཚིག་ཡེ་ནས་ཤེས་པས་ཡེ་ཤེས་སོ།། གློ་བུར་མིན་པས་ཡེ་ཤེས་སོ།། ཡེ་ནས་ཡོད་པའི་རིག་པ་དེ།། བླ་མ་དམ་པས་མཚོན་ནས་ནི།། རང་རིག་རྟོགས་པས་ཤེས་ཙམ
44a5 ན།། ཡེ་ཤེས་ཞེས་ནི་དེ་ལ་བྱ།། ངོ་བོ་ལམ་གྱི་སྒྲོན་མ་དེ།། མ་བུ་རྣམས་ལ་རང་ཅེས་གནས།། ལམ་ནི་ཆོས་ཉིད་རྒྱ་ཆུ་བརྒྱད།། སྒྲོན་དྷྲྀ་གུ་ཏ་རུ་ཤར།། ལས་ནི་ཤེས་རབ་ཐོགས་མེད་སྤྱོད།། ཡོན་ཏན་གཟུང་འཛིན་རྟོག་པ་མེད།། འབྲས་བུ་སུ་གསུམ་རང་ལ་རྫོགས།
44a6 བྱེད་པའི་མཚན་ཉིད་བསྟན་པ་ནི།། རྒྱུ་སྲང་གཅད་ལ་ཁ་ལ་གདོན།། རང་གསལ་འཛིན་མེད་དང་ལ་བཞག། དབྱེ་དུས་ཕུང་པོ་བོར་པའོ།། གཟུང་འཛིན་ནམ་མཁའི་མཐའ་ལ་དང་པོ།། ཕུང་པོས་དང་རྡོ་དང་འདྲ།། ཡེ་ཤེས་ཞིང་ཁམས་རྣམ་པར་དག། སྒོག་ནི
44a7 གསུམ་སྦྲེལ་གྱེས་པ་བཞིན།། ཞེས་གསུངས་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། སེམས་དང་ཡེ་ཤེས་དབྱེ་བའི་ལེའུ་སྟ་དྲུག་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན།། སྦུབས་གསུམ




iiif viewer powered by OpenSeadragon

43b - 44b

Texts on this page

Gdg005.4 - dur khrod phung po 'bar ba man ngag gi rgyud