| | e-texts navigator
|
43b1 ཤིང་བ།། གསང་བ་འགག་མེད་བྱ་ཞེས་བྱ།། དབ་དག།། དབ་མཽ་དག་ལ་དྲུག། ཛད་མེང་སྤྲོ་བཞིའི་རྩ་ཞེས་སོ།། ཅི།། རིར་ཆེན་ཀྲུང་ཕུབ་ནས།། གཟུང་འཛིན་རྟོག་པའི་དྲུ་ཞེས་ཏེ།། རྩོད་པའི་སྒོགསུམ་དག་ཏུ་ཟག། དེ་ལ་མིང་དུ་མརྗོད་པན།། ནེ
43b2 རབ་མྱུར་བྱེད་མི་པོ་ཆེ།། རྣམ་ཤེས་རླུང་གི་རྟ་ལ་ཞོན།། གཟུང་འཛིན་ལྕགས་ཀྱུ་ལག་ན་ཐོགས།། རྩོད་པའི་སྒོ་གསུམ་དག་ཏུ་ཕྱིན།། སྣང་བའི་ཡུལ་ལ་གཟུང་འཛིན་སྤྱད།། རྣམ་ཤེས་ཚིམ་བྱེད་ཅེས་སུ་བྱ།། རིག་པའི་རྩལ་ནི་གཞི་རུ་འཛིན།། སྙིང་རྗེ་མེད་པ་བསྐལ་བའི
43b3 རླུང་ཞེས་བྱ།། དེ་དང་བདུད་ལངས་རྩ་རུ་འབྲེལ།། རྩ་དེ་འདུས་ན་འཆི་རྟགས་སོ།། སྲོག་ཏུ་འཛིན་པའི་རྩེ་དག་གནས།། མདུད་པ་དང་ཤོ་ག་རྩ་ཞེས་བྱ།། དེ་དང་བདུད་ལངས་རྩ་རུ་འབྲེལ།། སྡུད་བྱེད་རླུང་ཆེན་བརྟགས་པའོ།། ནག་པོ་སྡིག་མེད་རྩེ་དེ་ནས།། དཔག
43b4 བོས་མ་ལྡོན་ཤིང་རྩ་ཞེས་ཏེ།། དེ་ནི་བཤད་པ་རང་བྱུང་རྩ་རུ་བརྟག། དེས་ནི་ལུས་ཀྱི་དབང་པོ་བཟུང་།། ཐུགས་རྗེ་འཐུང་བའི་དུས་ཉིད་ན།། རྩ་ནི་མདུད་པའི་ལྷག་སྒོ་ཞེས།། ས་ཆེན་དེ་རྣམས་དག་ཏུ་ནི།། ཁྲག་དང་ཆུ་སེར་མི་རྒྱ་སྟེ།། རིག་པའི་རྩལ་ནི་རླུང་དུ་རྒྱ།། ངོ་བོ་འགས
43b5 མེད་གསལ་བ་ལ།། རྩ་ནི་དེ་རྣམས་དག་ཏུ་རྒྱུ།། རྩ་ལས་ཐུགས་རྗེ་སྤྲུལ་སྐུ་འབྱིན།། ལ་ལས་ཤེས་རབ་ཆེན་པོར་འཆར།། ལ་ལས་མི་བསྐྱོད་གཞི་རུ་འཛིན།། ལ་ལས་དུས་ཟད་འཆི་རྟགས་སྟོན།། ཕུང་པོའི་ནང་དུ་དེ་ལྟར་དབྱེ།། ཞེས་གསུངས་སོ།། དུར་ཁྲོད་ཕུང་པོ
43b6 འབར་བའི་རྒྱུད་ལས། རིག་པའི་གནས་ལུགས་དང་། རྩའི་དབྱེ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐོ་གཉེར་ཅན།། སེམས་སུ་དབྱེ་བ་ཇི་ལྟར་དབྱེ།། ཡེ་ཤེས་ཞེས་ནི་གང་ལ་བརྩི།། ཞེས་ཞུས་སོ།། བཀྲ
43b7 སྩལ་བ། ངས་བསྟན་མིད་ལ་ངེས་ཅུང་ཞིག། དབོད་པ་དང་རྣམ་གྲངས་དང་།། གནས་དེང་ལས་དང་སྒོ་དང་ནི།། སྨོན་དང་པོ་རྟེན་འབྲས་ཐུང་།། བྱད་ཅ་དབྱེ་བའི་དུས་བསྟན་པའོ།། སེམས་ཀྱིས་ཅན་ནད་བསྟན་པནི།། ཆུ་བ་དེ་དག་ཏུཅ་པ་འགྲུས་ཏེ།། དངུང
iiif viewer powered by OpenSeadragon
43a - 44a