e-texts navigator
Collection
Volume
Page
Wylie

41a1 སསྷོ།། ། གགས་སས།། ཞྭ་ས་ས་པ་མ་ན་ས། འདུས་པ་པ་འཇུག་གཤེས་པ། འ་ཇུས་སྨྲས་དག་པ་ས་པ། ཟགས་མ་ན་ཀྱང་།། བླ་པའང
41a2 བའི་དོན་རྣམས་གསུང་དུ་གསོལ།། སྟོན་པས་བཀའ་སྩལ་པ། ངས་བསྟན་འཁོར་རྣམས་ཡིད་ལཟུང་།། ཕུང་པོ་ཞེས་སུ་བསྟན་པ་ནི།། དུ་མ་འདུས་པས་ཕུང་པོའོ།། འཇིག་པའི་ཕྱིར་ན་ཕུང་པོའོ།། རྟེན་པའི་ཕྱིར་ན་ཕུང་པོའོ།། འདུས་པའི་ཕྱིར་ན་ཕུང་ཟེར།། ལུང
41a3 པོ་དག་ལ་བརྟེན་པ་ནི།། ཀླད་པ་དུད་ཁང་གཞལ་ཡས་ནི།། ཧེ་རུ་ཀ་ཡི་བཞུགས་གནས་ཡིན།། ཐུགས་རྗེ་འབྱུང་བའི་སྒོ་བཞི་ནི།། རིག་པ་འགྱུ་བའི་གསང་བཞི་ཡིན།། བྷྲྀ་གུ་ཛཀྵའི་སྒོ་ཡིས་ནི།། རིག་པའི་ངོ་བོ་གདངས་གསལ་བསྟན།། མངོན་དུ་འགྱུར་བའི་ཡེ
41a4 ཤེས་ཡིན།། འབྱེད་པ་མེད་དེ་ཟང་ཞལ་ལོ།། དེ་ཡི་ངང་ལས་མ་གཡོས་ན།། དགོངས་པ་ཟིན་པའི་ཚད་ཡིན་ནོ།། ས་ལ་ལེ་སང་དེ་རྟོག་མེད་གསལ།། དུག་ལྔ་སྐྱེ་ཡང་འཕེལ་འགྲིབ་མེད།། དཔེར་ན་ཉི་མའི་སྙིང་པོ་བཞིན།། དུས་གསུམ་རྒྱན་གྱི་མུན་པ་སེལ།།
41a5 ཐུག་པརྗེ་འབྱུང་བའི་སྒོ་ཡིས་ནི།། སྒྲོན་མ་རིག་པའི་རྩཝ་རུ་འགྱུས།། ལུས་ཀྱི་བརྒྱད་དང་ཐིག་ལེར་བཅས།། སྐལ་ཚིག་གསང་བའི་རྩཝ་བརྒྱད་ནས།། རྡོ་རྗེའི་ལམ་དུ་བདེ་བར་ཐོར།། ཡུམ་གྱི་པདྨའི་རྫིང་བུར་ལཁྱིལ།། བླ་དགུ་ངོ་དང་བཅུ་རུ་གནས།། ངོ་བོ་ཉིད་ཀྱི་དགེ་སློང་དེ།།
41a6 ཆོས་ཉིད་རང་སྒྲ་ཨ་ཧཾ་ཟློས།། སྤྲུལ་པའི་སྐུ་རུ་རབ་ཏུ་སྨིན།། ཐུགས་རྗེས་གཟིགས་སྣང་དོན་དམ་བཅད།། ཆོས་ཉིད་ཤེས་རབ་སྒྲོ་ཡིས་ནི།། ཤེས་རབ་དཔྱོད་པའི་རིག་པ་སྟེ།། སོ་སོར་རྟོགས་པའི་ཡེ་ཤེས་སོ།། ཤེས་རབ་སྐྱེས་པའི་རླུང་ཞེས་བྱ།། ཆོས་རྣམས་ཀུན་གྱི་ཐོག
41a7 མཐའ་བཅད།། སྐྱེ་མེད་ངང་དུ་བསྒོམ་པར་ཤེས།། སྒོ་བཞི་མཐའ་ཡི་སློབ་དཔོན་ནོ།། སྐྱེ་མེད་ནམ་མཁའ་སྒོ་ཡིན་ཏེ།། ཐོས་བྱ་མ་འགགས་སྣ་ཚོགས་ལྡན།། སྒོ་གསུམ་འདན་ལ་སྒོ་གཉིས་ཕྱེ།། སྒོ་གསུམ་ཆོད་ལ་སྒོ་གཅིག་སྡོམ།། སྐྱེར་ན་སྒོ་རྣམས་མ་བཅད




iiif viewer powered by OpenSeadragon

40b - 41b

Texts on this page

Gdg005.4 - dur khrod phung po 'bar ba man ngag gi rgyud