e-texts navigator
Collection
Volume
Page
Wylie

39b1 འཇོམས་བྱེད་དབང་ཕྱུག་པ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། སྟོན་པ་གཅིག་པུ་འགྲོ་བའི་བླ།། སྤྲུལ་པའི་འཁོར་ལོ་དྷ་ཚོགས་འཆང་།། འཇིག་རྟེན་ཕྱོགས་བཟུང་རབ་གྲགས་པ།། ཆོས་ཀྱི་སྦྱིན་དག་ཟེ་པོ།། བྱམས་པ་གོམཆས་པ་སྟེ།། བྷང་རྗེ་ཡི་ནི་ཡ་ལ་ད
39b2 བགོས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། ཤེས་རབ་ཆེན་པོས་སྐད་ཅིག་ལ།། ཆོས་ཀུན་ཁོང་དུ་ཆུད་པ་འཆང་།། ཆོས་ཀུན་མངོན་པར་རྟོགས་པ
39b3 སྐྱེ།། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ།། རྡོ་རྗེ་བློ་གྲོས་དོན་ཆེན་བྱེད།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་།། འགྲོ་ཀུན་དགའ་བའི་མིག་དང་ལྡན།། ཤེས་རབ་རལ་གྲི་མདའ་གཟུ་ཐོགས།། ཉོན་མོངས་མི་ཤེས་གཡུལ་ངོས་ལ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ།། རྡོ་རྗེ་རལ
39b4 གྲོས་མ་ལུས་གཅོད།། ཆོས་ཀྱི་གཎྜཱི་སྨྲ་བོ་ཆེ།། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ།། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན།། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུག། འགྲོ་ན་གདུགས་གཅིག་ཡངས་པ་སྟེ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན།། སྨན་པ་ཆེ་མཆོག
39b5 གཙོ་བོ་སྟེ།། ཟུག་རྔུ་འབྱིན་པ་བླ་ན་མེད།། ནད་དོ་ཅོག་གི་དགྲ་ཆེ་བ།། སྨན་རྣམས་མ་ལུས་ལྗོན་པའི་ཤིང་།། འགྲོ་བའི་མར་མེ་ཡེ་ཤེས་སྨོན།། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། དོན་ཡོད་འགྲོ་བའི་དོན་བྱེད་པ།། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།། སེམས་ཅན
39b6 ཀུན་ཡིད་ཡུལ་དང་ལྡན།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སེམས་ཅན་ཀུན་གྱི་ཡིད་ལེ་གནས།། དེ་དག་སེམས་དང་མཐུན་པར་འཇུག། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད།། མྱ་ངན་འདས་ཞི་མྱ་ངན་འདས།། ལེགས་པར་མྱ་ངན་འདས་དང་ཉེ།། བདེ་སུག
39b7 སེལ་བ་མཐར་གྱུར་པ།། ཆགས་བྲལ་ལུས་ལས་འདས་པ་པོ།། ལུས་ཅན་ཀུན་ལས་རྣམ་པར་གྲོལ།། ཞེས་གསུངས་སོ།། དེ་ནས་ལག་ན་རྡོ་རྗེས་སཱ་དྲངས་ནས། བསྐོར་བ་ལན་གསུམ་བྱས་པ་དེ།། དགའ་ཞིང་མགུ་ནས་ཐལ་མོ་སྦྱར།། རྫོགས་སངས་ཀྱིན་ལ་ཕྱག་ཚལ།




iiif viewer powered by OpenSeadragon

39a - 40a

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud