| | e-texts navigator
|
39a1 ཟུང་།། སྐུ་དང་གསུང་དང་ཐུགས་དང་གསུམ།། དགོངས་པ་མ་ནོར་དེ་བཞིན་ནོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་།། ཡུལ་མེད་འབྱུང་བར་མི་འགྱུར་ཏེ།། སྦྱིར་ན་ཞིང་ཁམས་གསུམ་ན་ཡང་།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཡིན།།
39a2 ཆོས་སྐུའི་ཞིང་ཁམས་རྣམ་དག་སྟུག་པོ་བཀོད་པའི་ས།། ལོངས་སྐུའི་ཞིང་ཁམས་མཚོན་རྫོགས་རྡོ་རྗེ་འཆང་གིས།། སྤྲུལ་སྐུའི་ཞིང་ཁམས་ཁམས་གསུམ་འཁོར་བའི་རྒྱུ།། གདུལ་བྱ་གསུམ་ཡོད་དེ་བཞིན་ཏེ།། ཉིད་ལས་མི་གཞན་སྐུ་ལྔ་དང་།། སེམས་དཔའ་སེམས
39a3 མའི་ས་པ་དང་།། རིགས་དྲུག་དུ་མ་སྣང་བའོ།། དེ་དག་ལ་ཡང་གཉིས་ཡིན་ཏེ།། སྤྲུལ་པའི་སྐུ་དང་རང་རྒྱུད་དང་།། རང་ཆུད་འཁྲུལ་ཞིང་འཁོར་བ་སྟེ།། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། བརྟེན་ནས་འཁོར་ལོ་བཅུ་གཉིས་འཆང་།། སྣང་བ་ཆེན་པོ་གསལ་བ་སྟེ།། ནོར
39a4 བུ་ཆེན་པོ་རིན་ཆེན་ཏོག། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྐུ་སྟེ་དང་བྱུང་བ།། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན།། དེ་ལྟར་འཁྲུལ་སྣང་ཤར་བའོ།། དེ་ནི
39a5 སྤྲུལ་སྐུའི་ཞིང་ཡིན་ཏེ།། ཆོས་སྐུའི་ཞིང་ཁམས་ཐུགས་ཀྱི་ལེའུ་བཞིན།། ཡོངས་སྐུའི་ཞིང་ཁམས་སྐུ་ཡི་ལེའུ་བཞིན།། ཐུགས་རྗེ་དག་པའི་བྱུང་ཚུལ་ཡང་།། སྐུ་ཡི་འོད་དང་གསུང་ཟེར་ལས།། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། སྐུ་གསུམ་དྲི་མེད་ཐུགས་རྗེ
39a6 འབྱུང་།། ཆོས་སྐུའི་གནས་ལུགས་གོང་བསྟན་བཞིན།། ཐུགས་རྗེ་རྒྱལ་བ་རིག་པ་སྟེ།། གོང་བཤད་བཞིན་དུ་ཤེས་པར་གྱིས།། ལོངས་སྐུ་ཐུགས་རྗེ་སྤྲུལ་པ་སྟེ།། ལོངས་སྤྱོད་རྫོགས་སྐུ་སྐྲ་ཡི་རྒྱལ།། མངོན་ཤེས་དྲུག་ལྡན་དེས་དྲན་ཕྱག། ཡི་གེ་དྲུག་པ་རྡོ་རྗེའི
39a7 དུལ་པ་ཅུ་སྤོམ་མ་།། ངས་རྒྱས་སྨྲབ་པ་བྱུ་ད།། ཅིགས་དྲང་དྲུ་པ་རྫོགས་བྱེད།། ངབ་ད་འཐ་བ་འདོད་པ་ཀྱིད་པ། མི་དང་མི་།། མི་ང་པོ་ལྷམིན་ད།། འཚ་དདང་སགྲོལ་ཐབ། ས
iiif viewer powered by OpenSeadragon
38b - 39b