| | e-texts navigator
|
38b1 པ་ལ།། དངས་མདདུངས་ལྟར་མཐུན་པས་ཤས་རབ་སླ།། ད་ལྟ་སྨད་སྲུང་གདསལན་གནས།། ཤེས་རབ་ག་པུས་ཐོ་ཡངང་ནས་གཅད།། མད་དང་འགྲོགས་པས་སྐྲོད་བཅུད་པག་བནས་ཡིན།། ཆས་སྲུང་མལྡན་མམ་འགགས་དག་པ་ལ།། ཨཱམ་ས་ལ་གསལ་བ་ཤེ
38b2 རབ་སུ།། ཤེས་རབ་རོལ་དེ་ལས་མེད་བཞིན་དུ།། གདུལ་བྱ་དང་སྔར་རྣམ་ངག་སུ་སྣང་སྟེ།། ཡེ་ཤེས་གདངས་པས་ཡོན་ཏན་སྐུ་ལྔར་བརྒྱན།། མེ་ལོང་ཆུ་ཟླ་འཇའ་ཚོ་ན་ཇི་བཞིན་ཏེ།། ཡེ་ཤེས་ལུས་ཅན་སྒྱུ་མ་ཙམ་དུ་ནི།། ད་ལྟ་ངོ་སྤྲད་ཡེ་ཤེས་སྒྲོན་མ་སྟེ།། སྐུ་ཡི་རྣམ་པ་ཐུགས
38b3 ཀྱི་ཀློང་ན་གསལ།། རྟེན་དང་བྲལ་བས་བསྒྲིབ་མེད་ཟད་ཐལ་དང་།། དེ་ཉིད་ཡེ་ཤེས་ལྔ་སྟེ་གོང་བསྟན་བཞིན།། མི་མངོན་མི་སྣང་གསལ་བྱེད་མིན།། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།། རྡོ་རྗེའི་གདན་ནི་མ་ལུས་ལྡན།། ཡེ་ཤེས་སྐུ་རྣམས་མ་ལུས་འཆད།། རྣམ་དག་ཕུང
38b4 པོ་ལྔ་འཆང་བ།། ངེས་འབྱུང་ཀུན་གྱི་མཐའ་ལ་ག་ནས།། རྣམ་པར་རྟོག་མེད་ལྷན་གྱིས་གྲུབ།། སངས་རྒྱས་ཐོག་མ་ཐ་མ་མེད།། དང་པོའི་སངས་རྒྱས་རྒྱུ་མེད་པ།། ཡེ་ཤེས་མིག་གཅིག་དྲི་མ་མེད།། འོད་བཟང་འབར་བ་དཔལ་གྱི་བེའུ།། སངས་རྒྱས་ཀུན་གྱི་སྐྱེ་བཅང་བ།།
38b5 སངས་རྒྱས་ཀུན་གྱི་རྣལ་འབྱོར་ཅན།། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ།། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ཏེ་འཇིགས་པ་མེད།། གྲུབ་པ་མཐར་ཕྱིན་འཁྲུལ་པ
38b6 མེད།། ནོར་བ་ཐམས་ཅད་རྣམ་པར་སྤངས།། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རི་དགས་ངན་འཇིགས་བྱེད།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཡང་དག་མཐར་གྱུར་ཁྱོད་ལ་འདུད།། སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད།། སྒྱུ་འཕྲུལ་དང
38b7 ཁྱོད་ལ་འདུད།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་གསུངས་སོ།། འཇམ་དཔལ་དགོངས་པ་འདུས་པ་ལས། འཇམ་དཔལ་ཐུགས་ཀྱི་ལེའུ་ཟབ་མོ་བསྟན་པ་སྟེ་དྲུག་པའོ།། ། དེ་ནས་སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་པ་ལེགས་པར
iiif viewer powered by OpenSeadragon
38a - 39a