e-texts navigator
Collection
Volume
Page
Wylie

37a1 ཡ་ཤས་རང་ལ་འབར།། རང་ཤར་རང་ལ་རྣམ་པར་བཀུན།། ཛྙཱན་འབྲས་བུ་རང་རྫོགས་པན།། ཡང་བཞིན་འབྲས་བྱ་ཆེན་པ་ང་།། དཔག་བསམ་ཤིང་ཅན་རྒྱས་པས།། ཐམ་པ་བཟུང་བ་ཆེ་བའི་མཆོག། བྱེད་པ་སེམས་ཅནརྦན
37a2 དོན་བྱེད།། ཐེག་པ་སྣ་ཚོགས་ཟབས་ཚལ་གྱིས།། འགྲོ་བའི་དོན་ལ་སྟོན་པ་པོ།། རྒྱུད་ཀུན་གྱི་ནི་བདག་པོ་མཆོག། མི་གནས་ཡེ་ཤེས་གསལ་ལ་རྟོག་པ་མེད།། རྣམ་དག་ཡེ་ཤེས་ཟང་ཐལ་གདངས་དང་བཅས།། ཆོས་སུ་ཟད་བྲལ་ཆོས་དབྱིངས་ཡེ་ཤེས་ཉིད།།
37a3 རིག་པ་མ་འགགས་མེ་ལོང་ཡེ་ཤེས་ཉིད།། ཤེས་རབ་གསལ་བས་ཡེ་ཤེས་ཀུན་རྟོགས་ལྔ།། ཆོས་སྐུ་ལོངས་སྐུ་ཡེ་ཤེས་གཉིས་སུ་སྣང་།། གདུལ་བྱ་ལ་སྡང་སྐུ་དང་ཡེ་ཤེས་ཆོས།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། སུ་གསུམ་དབྱེར་མེད་མཉམ་པ་ཉིད།། ཡེ་ཤེས་ཡེ་ཤེས
37a4 ཁྱད་པར་ཆེ།། ཡེ་ཤེས་ལྡན་པ་ཡོད་མེད་ཤེས།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། ཞེས་གསུངས་སོ།། ཡེ་ཤེས་ཀྱི་ལེའུའོ།། འཇམ་དཔལ་དགོངས་པ་འདུས་པ་ལས།། སྨད་དུ་མེད་པ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་པའི་ལེའུའོ།། འཇམ་དཔལ་དགོངས་པ་འདུས་པའི
37a5 རྒྱུད་ལས། གསང་སྔགས་ཀྱི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་པ་དེས་ཟུང་ཞིག། སྐུ་ཡི་དོན་དང་ཤེས་རབ་ཀྱིས།། སྔགས་དང་མཚན་ཉིད་དགོངས་པ་ལ་བཟླའོ།། དེའི
37a6 བསྐྱེད་པའི་རིམ་པ་ནི།། རིམ་པས་རྩོལ་བ་སྐྱོང་འདོད་པ།། མ་སྐྱེས་སྤུན་གྱིས་གྲུབ་པ་དེས།། རྩོལ་བྲལ་འདུ་འབྲལ་མེད་པར་བསྟན།། འདི་རྫོགས་རིམ་མཐར་ཐུག་དོན།། ལབཟླ་ཐུགས་ཀྱི་དགོངས་པ་བཤད།། ཆོས་སྐྱེ་ཟང་ཐལ་དངོས་པོ་མེད་ཤེས་པས།། རྫོགས་རིམ
37a7 སྐྱེབོ་མེད་པ་ཁས་བླངས་ཀྱང་།། ཝ་སྤེལས་ཀཽར་བརྫུས་པ་བཞིན།། དངོས་མེད་ཟང་ཐལ་ཆོས་སྲུམ་རྟོགས་པར།། བླ་མ་ཞེ་འདོད་ཚུལ་འཆོས་ལྷལ་བལྟ།། འདི་གསང་སྔགས་ཀྱི་ནང་གཉིས་དང་ཉི།། མཐར་ཐུག་ཨ་ཏི་དོན་མཆོག་མརྟོགས་པར།། མུ་གེགས་ཅ




iiif viewer powered by OpenSeadragon

36b - 37b

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud