e-texts navigator
Collection
Volume
Page
Wylie

36a1 གསཔ།། བསྒོམ་པའི་དོན་ལ་མི་གནས་སོ་སོར་འབྱེད་པ་དང་།། དགོངས་པའི་དོན་ལ་མི་གནས་ཤེས་རབ་ཐོག་ཏུ་བབ།། ཐོས་པས་ཤེས་རབ་རྒྱད་ལ་སྐྱེ་བའི་ཐབས།། ང་སྤྲོད་རྟོགས་པ་ཐོབ་འགྱུར་བས།། རྫི་བསླ་ངེས་པའི་བདེན་པ་བཞི།
36a2 གསུམ་འདུ་འབྲལ་མེད་པར་གནས།། སྤྲད་པའི་ཡུལ་དེ་རང་ལ་གནས།། བདེན་པ་མཐོང་བའི་ཐབས་ཆེན་བཞིས།། དོན་གྱི་སྐུ་གསུམ་འི་སྤྲད་པས།། ལྡན་གྲབ་སངས་རྒྱས་ཉིད་དུ་ཤར།། རྟགས་ཀྱི་སྲག་སུམ་དོ་སྤྲད་པས།། འབྲས་བྲེ་ཚེ་འདིར་བདེན་པ་མཐོང་།། སྐྲག
36a3 ང་ལོག་ང་སྤད་པས།། འབྲས་བུ་གྲུབ་པ་ཆེད་དུ་ཕྱིན།། དཔེ་ཡི་སྐུ་གསུམ་དོ་སྤྲད་པས།། དོན་གྱི་སྐུ་གསུམ་ངེས་པ་རྙེད།། ཤེས་པ་བརྒྱད་པོ་རྟོག་པ་འཆིང་།། དེ་བཞིན་གཞི་ལ་མཚོན་པའི་ཐབས།། དེ་བཞིན་རྣམ་གཉིས་བརྡ་དང་ངག། གཉིས་པོ་གཟུང་འཛིན་ལ
36a4 བརྒྱད་དེ།། རྟོགས་པའི་ཡེ་ཤེས་ཤར་བ་ནི།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྟོག་པའི་ཡེ་ཤེས་རྣམ་བཞིར་ཤར།། དགོས་ཆེད་འབྲས་བུ་དེ་བཞིན་ནོ།། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་པ་སངས་རྒྱས་ཀུན་རིག་མཆོད།། རྒྱས
36a5 དང་བསྡུས་པའི་བྱེ་བྲག་གིས།། དཔེ་དོན་རྟགས་དང་རྣམ་པ་གསུམ།། དོན་གསུམ་ཐེ་ཚོམ་མེད་པ་ཡིན།། ཤིན་ཏུ་བསྡུས་ན་གདམས་ངག་ཉིད།། དེ་རྣམས་ཤེས་རབ་ལྡན་མིག་ཡིན།། བསམ་པའི་དོནི་འབྱུང་དེ་དག་ལས།། སྤྱི་དང་རང་གི་མཚན་ཉིད་རྟོགས།། དེ་མཐུ
36a6 ཤེས་རབ་ངེས་པ་རྙེད།། གོམས་པའི་ཤེས་རབ་གོད་དུ་བསྟན།། ཤེས་རབ་ཆེན་པོའི་དོན་རིག་ན།། ཆོས་ཀུན་འགྱུར་བ་མེད་པའི་དོན།། ལོངས་སུ་ཤེས་རབ་རིག་པའི་སྒྲ།། མཁྱེན་པའི་ཡེ་ཤེས་ལ་དབང་བསྒྱུར།། སྤྲུལ་སྐུ་གདུལ་བྱ་ལ་སྣང་དོད་བྱེད་རྔུས།། དེ་གསུས
36a7 ཕྱོགས་ལྷུང་མེད་པའི་ཤེས་རབ་ལ།། དབྱེར་མེད་ཤེས་རབ་རང་གསལ་ན།། ཤེས་རབ་ཕ་རོལ་ཕྱིན་པའི་དོན།། དང་པོའི་ཆོས་སྤ་རིག་པར་ཤད།། རིག་པའི་ཡེ་ཤེས་འོད་དུ་གསལ།། དེ་ལས་སྐུ་དང་ལུས་འབྱུང་བཞི།། སྲེད་པའི་གཞིན་མི་གནས་གཟུང་།། ཆོས




iiif viewer powered by OpenSeadragon

35b - 36b

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud