e-texts navigator
Collection
Volume
Page
Wylie

35b1 འདི་ལྟར་སྤང་ག་བོ་ཡི་རྩལ་ཡིན་མོད།། ལུས་ལ་འཆར་བའི་སྒོ་ནི་རྣམ་པ་གཉིས།། འདོད་པའི་སྒོ་ནས་ཤེས་རབ་འཆར་དུ་མེད།། ཡེ་ཤེས་སྒོ་ནས་སྒྲ་དང་ཡེ་ཤེས་འཆར།། འདོད་པ་མི་འབྱུང་རང་བཞིན་ཚུགས་ཀྱིས་སྣང་།། བསམ་གཏན་ཆེན་པོ་ཉིད་འཛིན་གནས།། དེ་ལྟར་མཛོད
35b2 བསྒོམ་པའི་ཚེ།། ཐུན་མོང་ཁྱད་པར་ལུས་རེག་བྱ་བ་བཏང་།། རྐྱེན་གྱིས་བྱིང་བ་དེ་ཡིས་སེལ་བར་འགྱུར།། ཡིད་ཀྱི་བྱ་བ་བཏང་བའང་དེ་བཞིན་ཏེ།། རྐྱེན་གྱིས་རྒོད་པ་ཞི་བའི་ཐབས།། ནད་ཁམས་ཤེས་པའི་ཁྱད་པར་རང་བཞིན་གྱིས།། བྱིད་དང་རྒོད་པ་བྱུང་ན་གང་ནི
35b3 གྱིན་བྱ།། དེ་ཡིས་མི་སེལ་བྱིང་རྒོད་སྐྱོན་མ་བསྟན།། ཡོན་ཏན་ལུས་པས་དེ་ཉིད་རང་ལ་རླབས།། རླུང་གི་རྟ་ལ་ཡིད་ཀྱི་སྒྲ་གསུམ་པསྐྱོན།། སྐར་མདའ་བཞིན་དུ་ཆོས་ཉིད་མཁའ་ལ་འཕང་།། ཐོག་དང་འདྲ་སྟེ་སེང་གེ་འབྲུ་ཚུགས་ལྟ།། འགུལ་དབུམ་གཅོད་དང་བྲལ་ནས
35b4 དུས་མཚུངས་གནད།། ནམ་མཁའ་དག་ལ་ཁྱུད་ལྡིང་དང་འདྲ་སྟེ།། རྩོལ་བྲལ་མཁའ་ལ་ཀློད་ལ་བཞག། གཟེར་བཏབ་འདྲ་སྟེ་ཡང་ཡང་གོམས་པར་བྱ།། ཚད་ཕྱིན་དགོངས་པ་གདས་ལ་ཉི་མ་ཤར་བ་བཞིན།། བློན་པོ་བཙོན་དུ་བཟུང་བ་འདྲ་སྟེ་བློ་ཡི་རྟོག་པ་ཞི།། སྒོ་ལྔ
35b5 ལ་མི་འཕྲོ་དགོངས་པ་མཐའ་བཞིར་གནས།། དངོས་པོ་བློ་ལྟར་སྣང་བ་སློབ་པའི་ཐབས།། དོན་དང་མཐུན་པར་གྱུར་པས་དངོས་པོ་བློ་ཡི་ཐོག་ཏུ་གྲོལ།། བློན་པོས་དམདས་གྲོལ་དམངས་ཀྱི་བྱ་བ་བྲལ།། རང་དངས་དང་བཞིན་བདག་ཉིད་ཆེན་པོར་ལྡན་གྱིས་གྲུབ།། སྐུ་དང་ཡེ་ཤེས
35b6 མ་པར་གསལ་བའི་དོན།། ཏིང་འཛིན་བློ་ལྟར་སྣང་བ་རང་གསལ་རིག་དང་རྒྱད་རིག་པ།། མ་བཅོས་ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། རང་བྱུང་བསམ་གཏན་བསམ་བྱ་བློ་ལྡན་པ།། ཡེ་ནས་བསམ་གཏན་བཞི་ཡི་རྩེ་མོ་ཅན།། དེ་ནི་བསམ་གཏན་ཕ་རོལ་ཕྱིན་པའོ།། རང
35b7 བྱ་ཤེས་རབ་ཡེ་ཤེས་འགག་མེད་རང་ཤར་བས།། དབྱེར་མེད་ཤེས་དཔགཞི་ལ་གནས་པས་འབྱུང་།། ཐོས་པའི་དོན་རིག་རྣམ་པར་འབྱེད་པ་དང་།། བསམ་པའི་དོན་རིག་སོ་སོར་ཕྱེ་བ་དང་།། འདུས་པ་ལས་བྱས་མ་བྱུང་དོན་ཆེན་རིག། བསྒོམ་པ་ཤེས་རབ་མི་རྟོག་ཤེས་རབ




iiif viewer powered by OpenSeadragon

35a - 36a

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud